དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  པའེ་ཅན་ཧྥུང་། སུན་ཤིའུ་ཡན།   |     སྤེལ་དུས།  2025-08-13

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་རྒྱུ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་ཀྱི་བདེ་ཐང་འགན་ལེན་བྱ་རྒྱུ་དེ་འཕེལ་རྒྱས་སྔོན་ལ་གཏོང་རྒྱུའི་འཐབ་ཇུས་ངེས་གནས་སུ་བཞག་ནས། བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང“བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད། མིག་སྔར། རང་རྒྱལ་དུ་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་བསྐྲུན་ཡོད།

    སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་སྟེ། མང་ཚོགས་ལ་ཉེ་འགྲམ་ནས་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱས་པ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱིས་སན་མིང་སྨན་བཅོས་སྒྱུར་བཅོས་ཀྱི་ཉམས་མྱོང་ཁྱབ་གདལ་གཏིང་ཟབ་བཏང་སྟེ་སྤྱི་ཕན་རང་བཞིན་ལ་སྲུང་སྐྱོང་དང་། ཧུར་བརྩོན་རང་བཞིན་སྐུལ་སློང་། རྒྱུན་མཐུད་ཆོག་པའི་འགན་ལེན་བཅས་ཀྱི་གཞུང་བཙུགས་སྨན་ཁང་འཁོར་རྒྱུག་ལམ་སྲོལ་གསར་པ་འཛུགས་པར་ཤུགས་བརྒྱབ་ནས་རིམ་དབྱེ་སྨན་བཅོས་མ་ལག་མགྱོགས་མྱུར་བཙུགས་ཡོད། མིག་སྔར་ཆེད་ལས་རིགས་ཀྱི་རྒྱལ་ཁབ་གསོ་རིག་ལྟེ་གནས་དང་བྱིས་པའི་རིགས་ཀྱི་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་13བཙུགས་པ་དང་། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ཁག་125ལ་རྒྱབ་སྐྱོར་བྱས་ཏེ། “ནད་ཆེན་ཞིང་ཆེན་ནས་བཅོས་ཐུབ་པ་དང་། སྤྱིར་བཏང་ནད་གཞི་གྲོང་ཁྱེར་དང་རྫོང་ནས་སྨན་བཅོས་ཐུབ་པ། རྒྱུན་མཐོང་ནད་གཞི་གཞི་རིམ་ནས་བཅོས་ཐུབ་པ་བཅས་མགྱོགས་མྱུར་མངོན་འགྱུར་ཡོང་བར་བྱས་ཡོད། 2024ལོའི་ལོ་མཇུག་བར་རྫོང(གྲོང་ཁྱེར་དང་ཆུས)2188ཀྱིས་འབྲེལ་ཟབ་རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང“གཞི་རིམ་གྱིས་བརྟག་དཔྱད་དང་། གོང་རིམ་གྱིས་ནད་དཔྱད། གྲུབ་འབྲས་ཕན་ཚུན་ཁས་ལེན”བཅས་བྱེད་པར་སྐུལ་འདེད་མགྱོགས་པོ་བཏང་ཡོད།

    དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་པའི་ཐད་ཀྱི་མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་གང་ཐུབ་ཅི་ཐུབ་བྱས་པ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱིས་སྨན་བཅོས་དང་། སྨན་བཅོས་འགལ་བཅོལ། སྨན་དང་སྨན་བཅོས་བཅས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། སྨན་བཅོས་འགན་བཅོལ་ཁྱབ་རྒྱ་ཆུང་ངུ་ནས་ཆེ་རུ་དང་། འགན་སྲུང་ཆུ་ཚད་དམའ་པོ་ནས་མཐོ་རུ། དོ་དམ་ཞབས་ཞུ་ཡོད་པ་ནས་ལེགས་སུ་བཅས་འགྲོ་བར་བྱས་ཡོད།

    འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཞིང་། གོ་ལ་ཧྲིལ་པོའི་གཞི་རྩའི་སྨན་བཅོས་འགན་སྲུང་དྲ་བ་ཆེ་ཤོས་བཙུགས་པ་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་དང་དབུལ་སྒྲོལ་མི་འབོར་འགན་བཅོལ་ནང་ཞུགས་ཚད་99%ཡན་བརྟན་པོ་ཡོང་བར་བྱས་ཡོད། མིག་སྔར་ལས་བཟོའི་སྨན་བཅོས་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཁྱབ་ཁོངས་ནང་སྨན་ཁང་དུ་བསྡད་པའི་གྲོན་དངུལ་རྩིས་ཞུའི་བསྡུར་ཚད་80%དང་70%ཡས་མས་སོ་སོར་ཟིན་ཡོད། ལོ་4ལྷག་ཙམ་རིང་རྒྱལ་ཡོངས་ཀྱི་ཞིང་ཆེན་ལས་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པ་ཐད་ཀར་དུས་རྩིས་བརྒྱབ་པའི་ཕན་པ་མི་ཐེངས་དུང་ཕྱུར་5.6ལ་ཐོབ་ཅིང་། རིམ་རྩིས་བརྒྱབ་ན་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ལ་མ་དངུལ་སྔ་འདོན་བྱེད་གྲངས་སྒོར་དུང་ཕྱུར་5900ཉུང་དུ་ཕྱིན་ཡོད། ནད་ཐོག་སྨན་བཅོས་ལ་སྤྱོད་པའི་སྨན་རྫས་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ཞིང་། 2024ལོའི་པར་གཞིའི་རྒྱལ་ཁབ་སྨན་བཅོས་འགན་བཅོལ་དཀར་ཆག་ནང་གི་སྨན་རྫས་རིགས་གྲངས་3159ཟིན་པའི་གྲས་སུ་སྐྲན་ནད་དང་། གཅོང་ནད། མཐོང་དཀོན་པའི་ནད། བྱིས་པའི་ནད་སོགས་ཚུད་ཡོད་ལ། སྔོན་ཆད་མང་ཚོགས་མང་པོར་སྤྱོད་རྒྱུ་མེད་པ་དང་སྤྱོད་མི་ཐུབ་པའི་སྨན་རྫས་ཀྱང་སྨན་བཅོས་འགན་བཅོལ་དཀར་ཆག་ནང་བཅུག་ཡོད།

    སྤྱི་པའི་འཕྲོད་བསྟེན་མ་ལག་སྟོབས་ཆེན་བཙུགས་ཏེ། རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་འགོག་སྲུང་གི་དྲ་བའི་ཚགས་དམ་དུ་བཏང་བ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱིས་སྨན་བཅོས་དང་སྔོན་འགོག་མཐུན་སྦྱོར་དང་སྨན་བཅོས་དང་སྔོན་འགོག་མཉམ་འདྲེས་ལ་སྐུལ་འདེད་མགྱོགས་པོ་བཏང་ཞིང་། སྨན་བཅོས་སྒྲིག་གཞིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟ་སྐུལ་པའི་ལམ་ལུགས་ཚོད་ལྟའི་ངང་ལག་ལེན་བསྟར་ཁྱོན་ཞིང་ཆེན་དང་གྲོང་ཁྱེར་254བར་རྒྱ་སྐྱེད་བཏང་བ་དང་སོ་ལྟ་ཁང་དང་ས་ཚིགས་སོགས་ཀྱི་སྨན་ཁང་1041དུ་ཆམ་རིམས་སོགས་དོད་དྲག་ཅན་གྱི་དབུགས་ལམ་འགོས་ནད་ལ་ལྟ་ཞིབ་ཚད་ལེན་བྱས་ཡོད།

    སྤྱི་པའི་ནོར་སྲིད་ཀྱི་རྒྱབ་སྐྱོར་འོག གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་སྒོར་99ཟིན་ཡོད། སེམས་ཁམས་བདེ་ཐང་དང་བསམ་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་སེམས་ཁམས་རོགས་སྐྱོར་ཐད་འབྲེལ་ཁ་པར་ཨང་གྲངས་12356བཀོད་སྒྲིག་བྱས་ཡོད། གྲོང་མིའི་བདེ་ཐང་བྱང་ཚད་དང་ཆུ་ཚད་དེ་2018ལོའི་17.06%ནས་2024ལོའི་31.87%བར་མཐོ་རུ་ཕྱིན་ནས་བདེ་ཐང་ལ་བརྩི་མཐོང་དང་བདེ་ཐང་དོན་གཉེར་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་རགས་ཙམ་ཆགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།