“ཧྭ་ལུང་རྟགས་ཅན་དང་པོའི”འཛུགས་སྐྲུན་ལ་འཕེལ་རིམ་གསར་པ་བྱུང་བ།
ཀྲེ་ཅང་ཅིན་ཆི་མོན་གྱི་ཉིང་གློག་འཕྲུལ་ཚན་དང་པོའི་ཉིང་རྡུལ་གླིང་ཕྲན་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ།
འདི་ནི་ཅིན་ཆི་མོན་གྱི་ཉིང་གློག་འཕྲུལ་ཚན་དང་པོའི་ཉིང་རྡུལ་གླིང་ཕྲན་སྐྲུན་ཡུལ་ཡིན་པ།
ཟླ་8ཚེས་10ཉིན། “ཧྭ་ལུང་རྟགས་ཅན་དང་པོའི”འཛུགས་སྐྲུན་ལ་འཕེལ་རིམ་གསར་པ་བྱུང་བ་སྟེ། ཀྲེ་ཅང་ཅིན་ཆི་མོན་གྱི་ཉིང་གློག་འཕྲུལ་ཚན་དང་པོའི་ཉིང་རྡུལ་གླིང་ཕྲན་གྱི་འགྱུར་འབྱུང་ཕུང་པོའི་སྟེང་ཨར་འདམ་བླུགས་པ་དེ་ཐོག་ནས་འཕྲུལ་ཚན་དེའི་ཉིང་རྡུལ་གླིང་ཕྲན་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ་མཚོན་གྱི་ཡོད།
ཅིན་ཆི་མོན་ཉིང་གློག་རྣམ་གྲངས་དེ་ཀྲེ་ཅང་ཉིང་པོ་ཤང་ཧྲན་རྫོང་དུ་གནས་ཤིང་། རྣམ་གྲངས་དེས་ཆན་ཝ་ཁྲི་བརྒྱ་རིམ་པའི་ཆུ་གནོན་འགྱུར་འབྱུང་ཕུང་པོའི་ཉིང་རྡུལ་གློག་ཁང་འཕྲུལ་ཚན་6བསྐྲུན་རྒྱུའི་འཆར་འགོད་བྱས་ཡོད་པ་དང་། དེའི་ནང་འཕྲུལ་ཚན་དང་པོ་དང་གཉིས་པར་རང་རྒྱལ་གྱི་རང་བདག་ཤེས་བྱའི་བདག་དབང་ཆ་ཚང་ལྡན་པའི་རབས་གསུམ་པའི་ཉིང་གློག“ཧྭ་ལུང་རྟགས་ཅན་དང་པོའི”འཕྲུལ་འཁོར་གྱི་བཟོ་དབྱིབས་སྤྱོད་རྒྱུ་ཡིན་པ་དང་འཕྲུལ་ཚན་རྐྱང་པའི་ཚད་བཅད་ཤོང་ཚད་ཆན་ཝ་ཁྲི་120ཟིན་གྱི་ཡོད། རྣམ་གྲངས་ཚང་མ་བསྐྲུན་རྗེས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ཆན་ཝ་ཁྲི་720ཙམ་ཟིན་ནས་སྔོན་དཔག་བྱས་ན་ལོ་རེར་གློག་འདོན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་550ཟིན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།