དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གུང་གཞོན་སྡེ་ཚོགས་དང་ལོ་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་ཀྱིས་གཅེས་སེམས་བཅོལ་ཉར་གྱི་ཞབས་འདེགས་རྒྱ་ཁྱབ་ཞུས་ཏེ།

    དབྱར་གསེང་དུ་ཁྱིམ་བདག་ལ་ཕྲུ་གུ་ཉར་རོགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  དབྱང་ཧའོ།   |     སྤེལ་དུས།  2025-08-13

    ཞོགས་པའི་ཆུ་ཚོད་བརྒྱད་པར། ཧྲང་ཧའེ་གྲོང་ཁྱེར་ལྷོ་ནུབ་ཝེ་ཡུས་སློབ་འབྲིང་གི་སློབ་ཁུལ་ནུབ་མར་འཁྲུག་ཆ་ཤིན་ཏུ་དོད། དེ་གར་ནི་ཞུས་ཧུའེ་ཆུས་ཐེན་ལིན་ཁྲོམ་གཞུང་གི་འཛིན་གྲྭ་གཉེར་ས་རེད། སློབ་གྲྭར་ཡོང་བའི་ལམ་བར་དུ་ལོ་11ལ་སླེབས་པའི་ཀྲང་ཤིན་ཡུའེ་ཡིས“འདི་གར་གྲོགས་པོ་གསར་པ་དེ་བས་མང་བ་ངོ་ཤེས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་དགའ་ཚོར་ཆེན་པོས་བརྗོད།

    “ད་ལོའི་དབྱར་གསེང་གི་བཅོལ་ཉར་འཛིན་གྲྭ་འདི་མུ་མཐུད་ཁྲོམ་གཞུང་དང་གྲོང་རྡལ་ཚང་མར་ཁྱབ་པ་དང་། 2014ལོར་འཛིན་གྲྭ་དེ་གཉེར་འགོ་ཚུགས་ཚུན། སློབ་ཆུང་སློབ་མའི་གཅེས་སེམས་དབྱར་གསེང་བཅོལ་ཉར་འཛིན་གྲྭ་ལོ་12བསྟུད་མར་ཧྲང་ཧའེ་གྲོང་ཁྱེར་གྱི་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས་སུ་གྱུར་ཡོད”ཅེས་ཧྲང་ཧའེ་གྲོང་ཁྱེར་ལོ་ཆུང་གདོང་ལེན་རུ་ཁག་གི་སྤྱི་ཁྱབ་རོགས་ཁྲིད་པ་ཀྲའོ་གོ་ཆང་གིས་ངོ་སྤྲོད་བྱས།

    དབྱར་གསེང་བཏང་ཚུན། ས་གནས་ཁག་གི་གུང་གཞོན་སྡེ་ཚོགས་དང་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་གཅེས་སེམས་བཅོལ་ཉར་འཛིན་གྲྭའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས་ཁྱིམ་བདག་གི“ཕྲུ་གུ་ཉར་དཀའ་བའི”འབྱུང་འགྱུར་གྱི་སེམས་ཁྲལ་བསལ་ཏེ་ལོ་ཆུང་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཞབས་འདེགས་ཧུར་ཐག་ཞུས་པ་རེད།

    དམངས་འཚོའི་བྱ་བ་དངོས་ཀྱི་གྲས་སུ་བཅུག་ནས་ཕུགས་ཕན་ལམ་སྲོལ་གྲུབ་ཅིང་། ཅང་སུའུ་ཡིས་སྤྱི་ཕན་བཅོལ་ཉར་ཞབས་ཞུ་འཛིན་གྲྭ་2228གཉེར་ནས་ཞིང་ཆེན་ཡོངས་ཀྱི་ཁྲོམ་གཞུང་དང་གྲོང་རྡལ་91%ལ་ཞབས་འདེགས་ཞུས་པ་དང་དེའི་ནང་ཕྱེད་ཀ་ཡན་གྱིས་ལས་ཞུགས་ཚོགས་སྤྱི་གསར་པའི་བུ་ཕྲུག་ལ་ཞབས་འདེགས་ཞུ་གི་ཡོད་པ་དང་། ཧུའུ་པེའི་ས་གནས་མང་པོར་གཅེས་སེམས་བཅོལ་ཉར་འཛིན་གྲྭ་མང་དུ་བཏང་ནས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་སོགས་གཙོ་གནད་ཚོགས་སྤྱིར་སྔོན་ལ་ཕན་པ་ཐོབ་པའི་འགན་ལེན་སོགས་བྱས་ཤིང་། ས་གནས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་གཅེས་སེམས་བཅོལ་ཉར་འཛིན་གྲྭ་ཞིང་ཆེན་རིམ་པའི་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་གྲས་སུ་བཅུག་ནས་ཐོན་ཁུངས་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ་ཕུགས་ཕན་ལམ་སྲོལ་བསྐྲུན་པ་རེད།

    སློབ་ཚན་སྣ་མང་བཀོད་སྒྲིག་བྱས་ནས་གུང་གསེང་ཕུན་སུམ་ཚོགས་སུ་བཏང་ཞིང་། ས་གནས་ཁག་གི་གུང་གཞོན་སྡེ་ཚོགས་དང་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་ཇུས་འགོད་ཞིབ་ཚགས་བྱས་ཏེ་གསར་བརྗེའི་སློབ་གསོ་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། ཚན་རིག་ཁྱབ་གདལ་ལག་ལེན། སྤྲོ་སྣང་ལྡན་པའི་ལུས་རྩལ་སོགས་བཅོལ་ཉར་འཛིན་གྲྭའི་སློབ་ཚན་ནང་བཅུག་སྟེ་ཕྲུ་གུ་ཚོའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་ཡོད།

    དབྱར་གསེང་ནི་ཆུར་ལྷུང་བ་དང་གློག་འཁྱུད་པ་སོགས་ཀྱི་རྐྱེན་ངན་ཐོན་ཚད་མང་བའི་དུས་ཚིགས་ཡིན་པས། ས་གནས་ཁག་གི་གུང་གཞོན་སྡེ་ཚོགས་དང་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་རང་སྲུང་གི་བདེ་འཇགས་སློབ་གསོ་བཅོལ་ཉར་སློབ་ཚན་ནང་བཅུག་སྟེ་སྣ་མང་ཕུན་སུམ་ཚོགས་པའི་སློབ་ཁྲིད་བྱེད་སྟངས་ལ་བརྟེན་ནས་བདེ་འཇགས་ཤེས་བྱ་སེམས་རྒྱུད་ལ་འཇགས་པར་བྱས་ཡོད།

    “སློབ་གྲོགས་ཚོ། མི་ཆུར་ལྷུང་བ་ཤེས་འཕྲལ་སྐད་གསང་མཐོན་པོས་སྐྱོབ་རོགས་ཞུ་དགོས་པ་ལས་ཡ་ཡུག་ངང་ཆུའི་ནང་མཆོང་མི་ཉན”ཞེས་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཞིང་ཆིང་ཆུས་ཁང་ཤིན་སྡེ་ཁུལ་དུ་བདེ་འཇགས་སློབ་གསོའི་སློབ་ཚན་ཞིག་གསོན་ཉམས་དོད་པོའི་སྒོ་ནས་འཁྲིད་ཀྱི་ཡོད་ཅིང་། དགེ་རྒན་གྱིས་བདེ་འཇགས་ཤེས་བྱ་དག་བྱིས་པ་ཚོས་གོ་ཐུབ་པ་དང་། ཡིད་ལ་ངེས་ཐུབ་པ། སྤྱོད་ཐུབ་པ་བཅས་ཀྱི་བདེ་འཇགས་སྲུང་འཁོར་ལྟ་བུར་བསྒྱུར་བ་བྱས་ཡོད།

    ས་གནས་ཁག་གིས་ད་དུང་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་དང་། སྡེ་ཁུལ་གྱི་ལས་དོན་པ། དམག་ཞབས་ཐིམ་པའི་དམག་མི། མཐོ་སློབ་ཀྱི“གཤམ་སྤེལ་གསུམ”གྱི་དང་བླངས་ཞབས་ཞུ་རུ་ཁག་བཅས་སྒྲིག་འཛུགས་དང་སྐུལ་སློང་ཧུར་ཐག་བྱས་ཏེ། བཅོལ་ཉར་འཛིན་གྲྭའི་དགོས་མཁོ་གནད་སྨིན་འབྲེལ་མཐུད་ཀྱིས་གཞོན་ནུ་ལོ་ཆུང་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་བྱམས་དང་བརྩེ་བས་བསྐྱངས་ཡོད། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས། ས་གནས་ཁག་གི་གུང་གཞོན་སྡེ་ཚོགས་དང་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་ཐོན་ཁུངས་དང་ཐབས་ལམ་རྒྱུན་མཐུད་བེད་སྤྱོད་ཡག་པོ་བྱས་ཏེ་བཅོལ་ཉར་འཛིན་གྲྭ་ཡག་པོ་གཉེར་བ་དང་། གྲུབ་འབྲས་དངོས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་བརྩི་འཇོག་དང་གཞོན་ནུའི་བསྔགས་བརྗོད་ཐོབ་པར་བྱ་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།