དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་ཟློས་གར་རིགས་ཀྱི་འཁྲབ་སྟོན་སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར་54ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-13

    ཀྲུང་གོ་འཁྲབ་སྟོན་ལས་རིགས་མཐུན་ཚོགས་སྤ་སེའི་ལས་དོན་ཆ་འཕྲིན་འཚོལ་བསྡུ་ལས་སྟེགས་ཀྱི་ལྟ་ཞིབ་ཚད་ལེན་ལས་མངོན་པར་གཞིགས་ན། 2025ལོའི་ལོ་སྟོད་དུ། ཆེད་ལས་ཟློས་གར་ཁང་དང་ཟློས་གར་ཁང་ཆུང་གྲས་ཀྱི་བར་མཐོངས་གསར་པ་སོགས་ཟློས་གར་རིགས་སུ་འཁྲབ་སྟོན་ཐེངས་ཁྲི་16.05བྱས་པའི་སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར་54.02བྱུང་བ་དང་། ལྟད་མོ་ལྟ་མཁན་ཁྲི་2055.01ཟིན་ཡོད། སྤ་སེའི་ཡོང་འབབ་མདུན་གྲལ་200ཡི་གྲས་སུ་སླེབས་པའི་ཟློས་གར་ཁང་རིགས་ཀྱི་འཁྲབ་སྟོན་IP(ཟློས་གར་ཁང་ཆུང་གྲས་དང་འཁྲབ་སྟོན་གྱི་བར་མཐོངས་གསར་པ་ཚུད་པ)ཐེངས་གྲངས་དང་། སྤ་སེ། ལྟད་མོ་བའི་མི་གྲངས་བཅས་2024ལོ་ལས་མངོན་གསལ་དོད་པོས་འཕར་ཡོད། བསྔགས་བརྗོད་ཀྱི་ཕན་འབྲས་དེ་ཟློས་གར་ཁང་རིགས་ཀྱི་འཁྲབ་སྟོན་བརྩམས་ཆོས་ལྟ་མཁན་མང་དུ་འགྲོ་བའི་འགག་རྩར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།