དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་འབུད་དཀྲོལ་རོལ་ཆ་ཚོགས་པ་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོར་སྐོར་སྐྱོད་འཁྲབ་སྟོན་བྱེད་པར་བསྐྱོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-08-13

    ཤིན་ཧྭ་གསར་འགྱུར་ཁང་དབྱིན་ཇིའི་གྲོང་ཁྱེར་ཨའེ་ཏིང་པའོ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། ཀྲུང་གོའི་རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་འབུད་དཀྲོལ་རོལ་ཆ་ཚོགས་པས་དབྱིན་ཇིའི་སུའུ་ཀེ་ལན་གྱི་ལྟེ་བའི་གྲོང་ཁྱེར་ཨའེ་ཏིང་པའོ་གྲོང་ཁྱེར་དུ་དབྱིན་ཇིར་འཁྲབ་སྟོན་ཐོག་མ་ལེགས་གྲུབ་བྱུང་སྟེ་ཚོགས་པ་བཙུགས་ནས་ལོ་15སོང་རིང་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོར་སྐོར་སྐྱོད་འཁྲབ་སྟོན་ཐེངས་དང་པོ་བྱེད་འགོ་ཚུགས་པ་རེད། 2025ལོའི་ཨའེ་ཏིང་པའོ་སྒྱུ་རྩལ་དུས་ཆེན་གྱི་གཙོ་གནད་ལེ་ཚན་གྱི་གྲས་ཤིག་ཡིན་པའི་འཁྲབ་སྟོན་དེས་ལྟད་མོ་བ་2000ཙམ་གྱི་ཡིད་དབང་བཀུག་ཡོད། རོལ་ཆ་ཚོགས་པས་ཟླ་8ཚེས་6ནས་ཚེས་15ཉིན་བར་དབྱིན་ཇི་དང་། སི་ཕེན། འཇར་མན་བཅས་ཀྱི་གྲོང་ཁྱེར་5རུ་རོལ་དབྱངས་འདུ་ཚོགས་གཉེར་རྒྱུ་དང་ཆབས་ཅིག དབྱིན་ཇིའི་གྲོང་ཁྱེར་ཨའེ་ཏིང་པའོ་དང་འཇར་མན་གྱི་གྲོང་ཁྱེར་ཧྥ་ལན་ཁེ་ཧྥུའུ་རུ་རིག་གནས་སྤེལ་རེས་བྱེད་སྒོ་ཐེངས་གཉིས་སྤེལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།