དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གིས་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་རྣམ་པ་གསར་གཏོད་ལ་ཚོད་ལྟ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-13

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་ཀྱིས་སྤོ་བོ་རྫོང་ཚོད་ལྟ་བྱ་ཡུལ་དུ་བྱས་ནས་རྒན་གསོ་ཞབས་ཞུའི་འཇུག་སྒོ་ཆུང་ཆུང་ནས་འགོ་བརྩམས་པ་དང་། རྒན་རྒོན་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་པ། གཅིག་བསྡུས་གསོ་སྐྱོང་ལས་དོན་བརྟན་པོ་ཡོང་བའི་རྨང་གཞིའི་ཐོག་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་གནད་སྨིན་ཤུགས་འདོན་བྱེད་པ། ཁྱིམ་སྡོད་རྒན་གསོ་ཞབས་ཞུ་མཉམ་འགུལ་དང་། འགན་ལེན། མཉམ་འདྲེས་བཅས་ཀྱི་རྣམ་པ་གསར་གཏོད་བྱས་ནས་གཏོད་ཅིང་། སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་ཧུར་ཐག་སྒྲུབ་པར་རྒྱུན་ཆད་མེད་པའི་ཤུགས་སྣོན་རྒྱག་པ། ཐ་སྐྱོང་རང་བཞིན་གྱི་འགན་སྲུང་ནུས་པ་ཆེ་རུ་གཏོང་བ། གནས་དེ་གའི་རྒན་གསོའི་ཞབས་ཞུ“རྨང་གཞིའི་འགན་སྲུང”གི་དུས་མཚམས་ནས་འགོ་བཙུགས་ཏེ“སྤུས་ཚད་མཐོར་གཏོང”གི་དུས་མཚམས་གསར་པའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་ཡོད། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། གྲོང་མིའི་ཁྱབ་ཚུལ་གྱི་ཁྱད་ཆོས་དང་མང་ཚོགས་ཀྱི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ཏེ་སྤོ་བོ་རྫོང་གིས“ལྟེ་གནས་དང་ཁྱིམ་སྡོད་ཟུང་འབྲེལ”གྱི་མཉམ་འདྲེས་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ནས་བཏོན་ཞིང་། རྣམ་པ་དེས་དམིགས་བསལ་དཀའ་ངལ་ཡོད་པའི་མི་གཅིག་སྡུད་གསོ་སྐྱོང་ཞབས་ཞུའི་ལྟེ་གནས་དང་། རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས། དེ་བཞིན་གྲོང་གསེབ་བདེ་སྐྱིད་ཁང་4བཅས་རྟེན་གཞིར་བྱས་ཏེ་རྒན་གསོའི་ཞབས་ཞུའི་ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་བྱས་ནས་རྫོང་ཡོངས་ཀྱི་ལོ་60ཡན་གྱི་ཁྱིམ་སྡོད་དཀའ་ངལ་ཡོད་པའི་རྒན་རྒོན་ལ་གཞི་རྩའི་འཚོ་བའི་འགན་སྲུང་དང་། བདེ་ཐང་བདག་སྐྱོང་། རིག་གནས་རོལ་རྩེད། ནད་རིགས་སྨན་བཅོས་སོགས་སྣ་མང་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས་པས་ནད་གཡོག་དཀོན་པ་དང་ཞབས་ཞུའི་ཆུ་ཚད་དམའ་བ་སོགས་ཀྱི་དཀའ་གནད་ཞི་ལྷོད་དུ་བཏང་ཡོད།

    དེ་དང་དུས་མཚུངས། སྤོ་བོ་རྫོང་གིས་རྫོང་ཁོངས་ཀྱི“རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ས་ཚིགས”དང་པོ་བསྐྲུན་ནས་ཁོངས་གཏོགས་ཁུལ་གྱི་ལོ་60ཡན་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་དང་། ལྷག་པར་དུ་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། ཁེར་སྡོད། ཚང་སྟོང་། གཞིས་ལུས། ནུས་ཤོར། དབང་པོ་སྐྱོན་ཅན། ལོ་ན་མཐོ་བ་སོགས་ཀྱི་རྒན་རྒོན་ལ་ཟ་མ་མངག་ཉོ་དང་ཟ་མ་ཟ་རྒྱུ་སོགས་ལ་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱས་པ་མ་ཟད། ད་དུང་མི་རེར་ཉིན་རེར་སྒོར་20ཡི་ཚད་གཞི་ལྟར་ཟ་མའི་ཁ་གསབ་སྤྲད་ཡོད། མིག་སྔའི་བར། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་བཟའ་བཏུང་ཞབས་ཞུ་ཐེངས་2491བྱས་པ་དང་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ཀྱི་བཟའ་བཏུང་གི་དགོས་མཁོ་བསྐངས་ཡོད།

    སྣ་མང་ཅན་གྱི་རྒན་གསོའི་དགོས་མཁོ་སྐོང་ཆེད། སྤོ་བོ་རྫོང་གིས“སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ”གྱི་རྒན་གསོའི་རྣམ་པ་གསར་པ་གསར་གཏོད་བྱས་ནས་བཏོན་ཞིང་། རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་གསོ་སྐྱོང་ཞབས་ཞུའི་ལྟེ་གནས་ཀྱིས་སྨན་ཁང་4དང“སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ”གྱི་ཞབས་ཞུའི་གྲོས་མཐུན་བཞག་ནས་དུས་བཀག་ལྟར་རྒན་རྒོན་ལ་གཟུགས་པོ་བརྟག་དཔྱད་བྱས་པ་མ་ཟད། རྒན་རྒོན་གྱི་བདེ་ཐང་ཡིག་ཚགས་དང་། སྨན་ཁང་དུ་བསྡད་པའི་ཡིག་ཚགས། སྨན་ཁང་དུ་སྡོད་རིང་གི་ཡིག་ཚགས་སོགས་བསྡོམས་དེབ་225བཟོས་ཡོད།

    དེ་དང་དུས་མཚུངས། མཉམ་སྦྲེལ་དྲ་རྒྱ་དང་གྲངས་གཞི་ཆེན་པོ་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་རྒན་གསོའི་ཞབས་ཞུ་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་རྒན་རྒོན་ལ་འཚམ་པའི་རིག་ནུས་སྒྲིག་ཆས་དང་ཐོན་རྫས་སྣ་ཚོགས་བཀོད་སྒྲིག་བྱས་ཡོད། གྲངས་གཞི་འཚོལ་བསྡུ་དང་དབྱེ་ཞིབ་བྱས་པ་བརྒྱུད་ཁྱིམ་སྡོད་རྒན་རྒོན་གྱི་བདེ་ཐང་གནས་ཚུལ་དང་། འཚོ་བའི་གོམས་གཤིས། རྒྱུན་གཏན་གྱི་དགོས་མཁོ་སོགས་ལ་ལྟ་བཤེར་དང་དོ་དམ་བྱས་ཏེ་རང་གཤིས་ཅན་དང་ཞིབ་ཚགས་ཅན་གྱི་སྙིང་ཉེ་བའི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།