དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • གནས་འདི་ནས་ཐུང་ཐེན་གཙང་པོ་དང་འབྲི་ཆུ་མཉམ་དུ་འདྲེས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཆའོ་ཏུང་།   |     སྤེལ་དུས།  2025-08-12

    འདི་ནི་ཐུང་ཐེན་གཙང་པོ་དང་འབའ་ཐང་གཙང་པོ་འདྲེས་སའི་མཚམས་ཡིན་པ་དང་དེ་ནས་འབྲི་ཆུ་རྒྱུག་འགོ་ཚུགས་པ།

    འདི་ནི་འབའ་ཐང་གཙང་པོའི་ངོགས་ཀྱི་ཡུལ་སྐོར་གཞུང་ལམ་ཡིན་པ།

    འདི་ནི་འབྲི་ཆུའི་ངོགས་ཀྱི་ཡུལ་སྐོར་གཞུང་ལམ་ཡིན་པ།

    ཟླ་8ཚེས་7ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་འབའ་ཐང་ཤང་ལེགས་ཁོག་ཏུ་ཐུང་ཐེན་གཙང་པོ་དེ་ནས་རྒྱུག་སྟེ་ཡུལ་ཤུལ་གྲོང་ཁྱེར་འབའ་ཐང་གཙང་པོ་དང་མཉམ་དུ་འདྲེས་ནས་དྭངས་རྙོག་ཁ་ཧ་ཅང་གསལ་པོ་ཡོད། གཙང་པོ་གཉིས་འདྲེས་སའི་མཚམས་ནི་འབྲི་ཆུའི་ཆུ་འགོ་རེད། དེ་ནས་སྤྱི་ལེ་2300ལྷག་ཙམ་རྒྱུག་རྗེས་འབྲི་ཆུ་སྟོད་དང་རྨིན་ཅང་གཙང་པོ་གཉིས་མཉམ་དུ་འདྲེས་ནས་འབྲི་ཆུ་ཞེས་བརྗོད་ཀྱི་ཡོད།

    ཐུང་ཐེན་གཙང་པོ་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་བོའི་དུམ་བུ་ཡིན་ཞིང་། ཐུང་ཐེན་གཙང་པོའི་ཆུ་ལག་དང་པོ་ཡིན་པའི་འབའ་ཐང་གཙང་པོའི་ཆུ་རྩྭ་གསོ་བའི་ནུས་པ་མུ་མཐུད་ཆེ་རུ་ཕྱིན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཡུལ་ཤུལ་གྲོང་ཁྱེར་གྱིས་ལྷོ་རི་བྱང་རིའི་ཆུ་རྩྭ་གསོ་བའི་ནགས་ཚལ་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱེད་འགོ་བཙུགས་ཏེ། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་2.27བཏང་བ་དང་། འབའ་ཐང་གཙང་པོ་རྒྱུག་ཁུལ་གྱི་ཆུ་རྩྭ་གསོ་བའི་ནགས་ཚལ་མུའུ་9300གསར་དུ་བསྐྲུན་པ། མཚོ་སྔོན་གྱི་གསོམ་ཤིང་དང་མདོ་ལའི་ཤུག་པ་སོགས་འདེབས་རྒྱུར་འཚམ་པའི་ས་གནས་དེ་གའི་ཤིང་རིགས་ཁྲི་206.46བཏབ་པ། རིག་ནུས་ཆུ་འདྲེན་སྦུག་དྲ་སྤྱི་ལེ་33.8ལེ་ལག་ཚང་སྒྲིག་བྱས་པས་འབྲི་ཆུའི་ཆུ་འགོའི་ཆུ་རྩྭ་གསོ་ནུས་དང་སྐྱེ་ཁམས་མ་ལག་གི་བརྟན་པོའི་རང་བཞིན་མཐོ་རུ་ནུས་ལྡན་ཕྱིན་ཡོད།

    ཆུ་ཚད་མཐོ་བའི་སྐྱེ་ཁམས་སྲུང་སྐྱོང་གི་རྨང་གཞིའི་ཐོག་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ལ་གཞི་ཚུགས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད། ཁ་གཏད་རོགས་སྐྱོར་མ་དངུལ་ལ་བརྟེན་ནས། ཡུལ་ཤུལ་གྲོང་ཁྱེར་འབའ་ཐང་ཤང་གིས་ལེགས་ཁོག་ཡུལ་སྐོར་གཞུང་ལམ་ལེགས་གཏོང་ལས་གྲྭ་ལག་བསྟར་བྱས་ཏེ་དུས་ཡུན་ཟླ་3རིང་སྣུམ་ནག་ལམ་ཁག་གཅིག་གསར་དུ་བསྐྲུན་པ་མ་ཟད། ད་དུང་སྔར་ཡོད་ཀྱི་ལམ་ངོས་སྒྱུར་བཀོད་བྱས་ནས་ལམ་ཐིག་མང་དུ་བཏང་བ་དེའི་རིང་ཚད་ཧྲིལ་པོར་སྤྱི་ལེ་22.125ཡོད་པ་དང་མིག་སྔར་ཞིབ་བཤེར་རྩིས་ལེན་གྱི་གྲ་སྒྲིག་དུས་མཚམས་སུ་སླེབས་ཡོད། ལེགས་ཁོག་ཡུལ་སྐོར་གཞུང་ལམ་གྱི་དུམ་བུ་ཕྱེད་ཀ་འབའ་ཐང་གཙང་པོ་དང་འདྲེས་པ་དང་དུམ་བུ་ཕྱེད་ཀ་འབྲི་ཆུ་དང་འདྲེས་ནས་སྐུ་མགྲོན་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།