དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་བརྙན་པར་ཐེ་ལན་མཐོ་སློབ་ཏུ་སྐོར་སྐྱོད་འགྲེམས་སྟོན”བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-12

    ཀྲུང་ཐེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་ཆེད། ཐེ་ལན་ཐེ་ཀྲུང་མཛའ་གྲོགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་མཛེས་རྩལ་སློབ་གླིང་གློག་བརྙན་སློབ་གླིང་དང་། ཐེ་ལན་ཐན་ཡ་ཝུའུ་ལི་གོང་མ་ཚང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། ཐེ་ལན་ཅི་ལ་ཏཱ་ལག་རྩལ་སློབ་གླིང་། ཐེ་ལན་པང་ཁོག་གོང་མ་ཚང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། ཐེ་ལན་ཏུང་པེ་གོང་མ་ཚང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་བཅས་ཀྱིས་གཉེར་རོགས་བྱས་པའི“ཀྲུང་གོའི་བརྙན་པར་ཐེ་ལན་མཐོ་སློབ་ཏུ་སྐོར་སྐྱོད་འགྲེམས་སྟོན”བྱེད་སྒོ་ཟླ་8ཚེས་6ཉིན་ཐེ་ལན་པང་ཁོག་ཏུ་གཉེར་ཞིང་། ཟླ་8ཚེས་13ཉིན་བར་རྒྱུན་མཐུད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།