དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པའི་འོས་སྦྱོར་ཚོགས་འདུ་ཅེ་ཁེར་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-08-12

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕུ་རག་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པའི་འོས་སྦྱོར་ཚོགས་འདུ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་ཁེ་ལས་མནའ་འབྲེལ“ཅེ་ཁེར་སྐྱོད་པ”ཞེས་པའི་བྱེད་སྒོ་ཅེ་ཁེའི་རྒྱལ་ས་ཕུ་རག་ཏུ་གཉེར་ཡོད། ཅེ་ཁེ་སྲིད་གཞུང་དང་། ཁེ་ལས། ཚོང་ལས་མཐུན་ཚོགས། དེ་བཞིན་ཅེ་ཁེ་དང་ཀྲུང་གོའི་མ་འཇོག་ཁེ་ལས་བཅས་ཀྱི་འཐུས་མི་130ལྷག་ཙམ་མཉམ་དུ་ཞུགས་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་གོ་སྐབས་གསར་པ་འཚོལ་ཞིབ་བྱས་ཡོད།

    ཅེ་ཁེ་བཟོ་ལས་ཚོང་དོན་པུའུ་དང་ཡོ་རོབ་མིན་པའི་རྒྱལ་ཁབ་སིའི་སི་ཀྲང་ལི་ཁྲ་ཏེ•ཧེ་ལཱ་ཝ་ཅིས། ནང་འདྲེན་འགྲེམས་ཚོགས་ནི་ཅེ་ཁེའི་གསར་གཏོད་གྲུབ་འབྲས་དང་བཟོ་ལས་སྲོལ་རྒྱུན་མངོན་པར་བྱེད་པའི་རྩ་ཆེའི་གོ་སྐབས་ཤིག་ཡིན་པ་མ་ཟད། ཀྲུང་གོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་ཏུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། ལས་སྟེགས་འདི་བརྒྱུད་ཅེ་ཁེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་དང་ཕན་ཚུན་དབར་བསམ་ཤེས་བྱེད་ཚད་ཟབ་ཏུ་འགྲོ་བའི་ཡིད་ཆེས་ཡོད་ཅེས་བརྗོད།

    ཅེ་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དཔལ་འབྱོར་ཚོང་དོན་གྱི་ཚན་ཙན་ལིའུ་ཧའེ་ཡན་གྱིས་ཤིས་ཚིག་བསྒྲོན་ནས་ཀྲུང་གོ་དང་ཅེ་ཁེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་མདུན་ལམ་ཧ་ཅང་རྒྱ་ཆེན་པོ་ཡོད། ཅེ་ཁེའི་ཚོང་དོན་གྱི་རོགས་ཟླ་ཆེ་ཤོས་ཀྱི་གྲས་ཡིན་པའི་ཀྲུང་གོས་ཅེ་ཁེ་དང་མཉམ་དུ་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད། ཅེ་ཁེའི་ཁེ་ལས་མཁས་ཅན་གྱིས་སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་གོ་སྐབས་སུ་བྱས་ནས་ཀྲུང་གོའི་ཁྲོམ་ར་སྔར་བས་རྒྱ་ཆེར་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད།

    ད་ཐེངས་ཀྱི་བྱེད་སྒོ་ཅེ་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་ཅུས། ཀྲུང་གོ་བཟོ་ཚོང་དངུལ་ཁང་ཕུ་རག་ཡན་ལག་དངུལ་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།