དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀན་སུའུ་ཡུས་ཀྲུང་རྫོང་དུ་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-12

    ཉེ་ཆར། རྒྱལ་ཁབ་ནུབ་བྱང་ས་ཁོངས་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་སོགས་ཚན་པས་རོགས་སྐྱོར་སྟོབས་ཤུགས་རྒྱུན་མཐུད་མངགས་ནས་ཀན་སུའུ་ལན་ཀྲོའུ་ཡུས་ཀྲུང་རྫོང་གི་ཆུ་ལོག་གནོད་འཚེ་རོགས་སྐྱོབ་བྱེད་པར་གཞོགས་འདེགས་བྱས་པ་མ་ཟད། ཡུས་ཀྲུང་རྫོང་མ་ཕོ་ཤང་ཤིང་ལུང་ཧྲན་གྲོང་ཚོ་དང་ཅིའུ་ཀྲོང་ཀོའུ་གྲོང་ཚོ་སོགས་ཀྱི་ཆུ་ལམ་རྒྱུད་དུའང་ཉེན་གྱར་མི་སྣ་མུ་མཐུད་འཚོལ་བཞིན་ཡོད་པ་རེད།

    པར་འདི་གཉིས་ནི་རྒྱལ་ཁབ་ནུབ་བྱང་ས་ཁོངས་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་ཀྱི་རོགས་སྐྱོབ་མི་སྣས་ལན་ཀྲོའུ་གྲོང་ཁྱེར་ཡུས་ཀྲུང་རྫོང་མ་ཕོ་ཤང་དུ་ཧོ་ཝན་གྲོང་ཚོ་ནས་ཤིང་ལུང་ཧྲན་གྲོང་ཚོའི་བར་གྱི་འགྲོ་ལམ་ཤར་གཏོང་ཐུབ་པ་དང་། རོགས་སྐྱོབ་མི་སྣས་ཡུལ་དེ་གའི་མང་ཚོགས་ལ་གནས་སྐབས་ཀྱི་ཤིང་ཟམ་སྐྲུན་རོགས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།