དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་བདུན་པའི་བར་འབྲི་ཆུའི་མ་ལམ་གྲུ་ཁར་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་23ལྷག་ཙམ་ཟིན་པ།

    འབྲི་ཆུའི་ཆུ་རྒྱུད་ཀྱི་གློག་རྡུལ་མཚོ་འགྲུལ་ས་བཀྲ་སྤྱི་ལེ་5606ལ་ཁྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-12

    གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་འབྲི་ཆུའི་གྲུ་ལམ་ལས་དོན་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་བ་དང་པོ་ནས་བདུན་པའི་བར། འབྲི་ཆུའི་མ་ལམ་གྲུ་ཁར་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་23ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་4.8%འཕར་ཡོད་པ་རེད།

    ཟླ་བ་དང་པོ་ནས་བདུན་པའི་བར། འབྲི་ཆུའི་འགག་གསུམ་ལྟེ་གནས་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་9858.4ཟིན་པ་དེ་དུས་མཚུངས་ལས་15.3%འཕར་བ་དང་། འབྲི་ཆུའི་ལམ་ཁྲིད་ལྟེ་གནས་ཀྱིས་གྲུ་གཟིངས་ཐེངས་ཁྲི་3.5ལ་ཆུ་ལམ་ཁྲིད་པ་དེ་དུས་མཚུངས་ལས་2.4%འཕར་བ། ཡུལ་སྐོར་གྲུ་གཟིངས་ཀྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི་514.4ཟིན་པ་དེ་དུས་མཚུངས་ལས་5.3%འཕར་བ་བཅས་བྱུང་ནས། འབྲི་ཆུའི་ཆུ་ཐོག་སྐྱེལ་འདྲེན་དང་ཐོན་སྐྱེད་བརྟན་ཐོག་ཡར་འཕེལ་བྱུང་ཡོད་པ་རེད།

    རིག་ལྡན་རིམ་སྤོར་ལ་སྐུལ་འདེད་མགྱོགས་པོ་བཏང་ཞིང་། རབས་གསར་པའི་བྱང་སྐར་གྲུ་ཐོག་རིག་ནུས་མཐའ་སྣེ་ཁྱབ་གདལ་བེད་སྤྱོད་ཐུབ་ནས། མཚོ་ཐོག་སྐྱེལ་འདྲེན་གྱི་རྨང་གཞིའི་སྒྲིག་བཀོད་དང་ལས་རིགས་ཀྱི་གྲངས་གཞི་ཕྱོགས་ཡོངས་ནས་བསྡུ་སྒྲིལ་ཐུབ་ཡོད། མིག་སྔར། འབྲི་ཆུའི་ཆུ་རྒྱུད་ཀྱི་གློག་རྡུལ་མཚོ་འགྲུལ་ས་བཀྲ་སྤྱི་ལེ་5606ལ་ཁྱབ་ནས། འབྲི་ཆུས་འབྲི་ཆུའི་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།