དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ཡག་པོ་ཕྱིན་པ།

    རྒན་རྒོན་གྱི་ཡུལ་སྐོར་ཞབས་ཞུའི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་26.2%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-12

    རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཐང་འཕར་ཁྲལ་རྩིས་འཛིན་གྱི་གྲངས་གཞི་ལས་མངོན་པ་ལྟར་ན། འདི་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ཡག་པོ་ཕྱིན་ཡོད། སྲིད་ཇུས་དང་བྱེད་ཐབས་མང་པོའི་ཕྱོགས་བསྡུས་རྒྱབ་སྐྱོར་ལ་བརྟེན་ནས། རྒན་གསོའི་ཞབས་འདེགས་ཞུ་སྟངས་དང་དབུ་དཀར་ཐོན་རྫས་མཁོ་སྤྲོད་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་དང་དབུ་དཀར་ཚོགས་སྤྱིའི་འཛད་སྤྱོད་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད།

    དགོས་མཁོའི་ཐད་ནས་བལྟས་ན། ལོ་སྟོད་དུ་སྡེ་ཁུལ་གྱི་རྒན་གསོའི་ལྟ་སྐྱོང་ཞབས་ཞུ་དང་། སྒྲིག་གཞིའི་རྒན་གསོའི་ལྟ་སྐྱོང་ཞབས་ཞུ། ཁྱིམ་སྡོད་རྒན་གསོའི་ལྟ་སྐྱོང་ཞབས་ཞུ་བཅས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་30.4%དང་། 22.6% 18%བཅས་སོ་སོར་འཕར་བ་དང་། བདེ་ཐང་འཛད་སྤྱོད་འཕར་ཚད་མངོན་གསལ་དོད་དུ་ཕྱིན་ནས་འགྲོ་སྐྱོད་ལ་ཕན་པ་དང་ཉན་པར་ཕན་པའི་ཐོན་རྫས་དང་། རྒན་རྒོན་གྱི་འཚོ་བཅུད་དང་འཕྲོད་སྦྱོར་ཐོན་རྫས། བདེ་ཐང་ལྟ་ཞིབ་ཚད་ལེན་སྒྲིག་ཆས་བཅས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་32.2%དང་། 30.1% 7.5%བཅས་སོ་སོར་འཕར་ཡོད།

    ལོ་སྟོད་དུ། རིག་གནས་རོལ་རྩེད་འཛད་སྤྱོད་སྤུས་འབྲས་ལེགས་གཉེར་བྱུང་ནས་རྒན་རྒོན་གྱི་ཡུལ་སྐོར་ཞབས་ཞུ་དང་། ལུས་རྩལ་བདེ་ཐང་ཞབས་ཞུ། རིག་གནས་རོལ་རྩེད་བྱེད་སྒོ་བཅས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་26.2%དང་། 23.9% 20.7%བཅས་སོ་སོར་འཕར་བ་དེ་ཐོག་ནས་དབུ་དཀར་ཚོགས་སྤྱི“རྒན་གསོ”ནས“རྒན་སྤྲོའི”ཕྱོགས་སུ་འགྱུར་ཏེ་རང་དགའ་རང་སྐྱིད་ཀྱི་ངོ་བོ་གསལ་པོར་མངོན་ཡོད།

    མཁོ་སྤྲོད་ཐད་ནས་བལྟས་ན། ལོ་སྟོད་དུ་རྒན་རྒོན་དང་དབང་པོ་སྐྱོན་ཅན་བདག་སྐྱོང་ཞབས་ཞུའི་ལས་རིགས་དང་། རྒན་འཕྲོད་རིགས་ཀྱི་ཁྱིམ་ཚང་ཞབས་ཞུའི་ལས་རིགས། རྒན་འཕྲོད་རིགས་ཀྱི་སྤྱི་ཚོགས་ལྟ་སྐྱོང་དང་རོགས་རམ་ཞབས་ཞུའི་ལས་རིགས་བཅས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་40.9%དང་། 14.1% 8.8%བཅས་སོ་སོར་འཕར་ཡོད་པ་རེད།

    ལོ་སྟོད་དུ། རྒྱལ་ཡོངས་ཀྱི་དབུ་དཀར་ཐོན་རྫས་ཐོན་སྐྱེད་བཟོ་སྐྲུན་གྱི་བྱེད་པོའི་གྲངས་འབོར་དུས་མཚུངས་ལས་14.1%འཕར་བ་དང་། རྒན་འཕྲོད་རིགས་ཀྱི་ལུས་སྦྱོང་ཡོ་བྱད་བཟོ་སྐྲུན་དང་། ནད་གསོའི་གཞོགས་འདེགས་ཡོ་བྱད་བཟོ་སྐྲུན། འཚོ་བཅུད་རིགས་བདེ་སྲུང་ཟས་རིགས་བཟོ་སྐྲུན་བཅས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་14.7%དང་། 12.1% 6.9%བཅས་སོ་སོར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།