ཐེན་ཧྲན་རི་བོའི་བྱང་འདབས་སུ་གྲོ་བརྔ་བསྡུའི་ལས་ལ་བྲེལ་བ།
མིག་སྔར། ཐེན་ཧྲན་རི་བོའི་བྱང་འདབས་སུ་ཆགས་པའི་ཤིན་ཅང་ཁྲང་ཅི་ཧུད་རིགས་རང་སྐྱོང་ཀྲོའུ་ཆི་ཐའེ་རྫོང་དུ་གྲོ་བསྡུ་བའི་འགག་རྩའི་དུས་སུ་སླེབས་ཤིང་། ས་གནས་དེ་གའི་ཞིང་པས་གནམ་གཤིས་ཡག་པོ་བསྟན་པ་དང་བསྟུན་ནས་བརྔ་བསྡུ་བྱེད་མགྱོགས་སུ་བཏང་ཡོད། རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་རྫོང་སྟོབས་ཆེན་བརྒྱའི་གྲས་ཤིག་ཡིན་པའི་ཆི་ཐའེ་རྫོང་གི་འདི་ལོ་གྲོ་འདེབས་ཚད་ཁྱོན་མུའུ་ཁྲི་66ཟིན་པ་དང་། སྤྱིའི་ཐོན་འབབ་ཏུན་ཁྲི་33ཟིན་རེ་ཡོད་པ་རེད། འདི་ནི་ཆི་ཐའེ་རྫོང་པན་ཅེ་ཀོའུ་གྲོང་རྡལ་གྱི་གྲོ་ཞིང་ཡིན་པ།
འབྲེལ་ཡོད་གསར་འགྱུར།