ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཁྲལ་དོན་ཅུས་ཀྱིས།
གནད་སྨིན་ཞབས་འདེགས་ཞུས་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཁྲལ་དོན་ཅུས་ཀྱིས་ཁྲལ་འཇལ་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་ལྟེ་བར་བྱེད་པ་དང་། ཁྲལ་གྲོན་བསྡུ་ལེན་དོ་དམ“རྨང་གཞི་བརྟན་གཏོང་འདུ་འགོད”ཀྱི་བླང་བྱར་གཞིགས་པ། སྲིད་ཇུས་དྲིལ་བསྒྲགས་དང་གནད་སྨིན་ཟུར་ཁྲིད་ལ་དམིགས་པ། ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་རྒྱུན་མཐུད་ལག་བསྟར་བཅས་བྱས་ཏེ་གཏོགས་ཁོངས་དེའི་ཁེ་ལས་ཁག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་རེད།
ཁེ་ལས་ཁག་གི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཤེས་རྟོགས་གཏིང་ཟབ་བྱས་ནས་འཕེལ་རྒྱས་ཡོང་བར་རམ་འདེགས་བྱ་ཆེད། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཁྲལ་དོན་ཅུས་ཀྱིས་རྒྱུན་རྣམ་ཅན་གྱི་འཚམས་འདྲི་དང་བརྟག་ཞིབ་བྱས་ནས། ལས་སྒོའི་རྐང་འཛིན་པ་སྒྲིག་འཛུགས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཁེ་ལས་ཁག་ཏུ“གཅིག་གཏད་གཅིག”གི་ཁྲལ་གྲོན་དང་འབྲེལ་བ་ཡོད་པའི་ཤེས་བྱ་ཟུར་ཁྲིད་བྱས་པ་རེད།
འཚམས་འདྲི་བྱེད་རིང་། ཁྲལ་དོན་སྡེ་ཚན་གྱི་ལས་དོན་པས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་རྗེས། ཁེ་ལས་དེའི་དགོས་མཁོ་དངོས་ལ་གཞིགས་ནས་ཟུར་ཁྲིད་ཇུས་གཞི་བཟོས་ཏེ་ཁྲལ་བསྡུའི་སྲིད་ཇུས་གསར་ཤོས་དུས་ཐོག་ཏུ་ཁོང་དུ་ཆུད་པའི་འགན་ལེན་བྱས་པ་དང་། ཁེ་ལས་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་རྒྱ་ཁྱབ་བྱས་ཏེ་ཁྲལ་འབྲེལ་རེ་ཞུ་འཕྲལ་མར་དང་ལེན་བྱས་ནས་ཐག་གཅོད་བྱས་པ་རེད། བོད་ལྗོངས་ཅི་ཁྲོན་ཁེ་ལས་དོ་དམ་ཚད་ཡོད་ཀུང་སིའི་ནོར་དོན་མི་སྣས་ཁྲལ་བསྡུའི་སྲིད་ཇུས་གསར་ཤོས་ཤེས་རྟོགས་བྱས་རྗེས“ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་གསར་པས་ཁེ་ལས་ཁག་གི་མ་དངུལ་གྱི་གནོན་ཤུགས་ཆུང་དུ་ནུས་ལྡན་བཏང་བ་མ་ཟད། ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཀྱང་བརྟན་དུ་ཕྱིན་སོང”ཞེས་དགའ་སྤྲོ་ཆེན་པོས་བཤད།
འབྲེལ་ཡོད་གསར་འགྱུར།