ལོ་སྟོད་དུ་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་དུས་མཚུངས་ལས་7.4%འཕར་བ།
ཁེ་སྤོགས་ཀྱི་སྤྱི་འབོར་དུས་མཚུངས་ལས་19.3%འཕར་བ།
གསར་འགོད་པས་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ལོ་སྟོད་དུ། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རིག་གནས་དང་འབྲེལ་བ་ཡོད་པའི་ཐོན་ལས་ཁེ་ལས(གཤམ་དུ“རིག་གནས་ཁེ་ལས”ཞེས་བསྡུ་རྒྱུ)ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་71292བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་7.4%འཕར་ཡོད། དེའི་ནང་ནང་དོན་གསར་རྩོམ་དང་། གསར་གཏོད་ཇུས་འགོད་ཞབས་ཞུ། གསར་འགྱུར་ཆ་འཕྲིན་ཞབས་ཞུ་སོགས་ལས་རིགས་ཆེ་གྲས་གསུམ་གྱི་ལས་གཉེར་ཡོང་འབབ་གྲངས་གནས་གཉིས་འཕར་བ་དང་། འཕར་ཚད་11.8%དང་། 11.8% 10.8%བཅས་སོ་སོར་ཟིན་ཡོད་པ་རེད།
རིག་གནས་ཞབས་ཞུའི་ལས་རིགས་ཀྱིས་འདེགས་སྐྱོར་གྱི་ནུས་པ་གང་ལེགས་བཏོན་ཞིང་། ལོ་སྟོད་དུ་རིག་གནས་ཞབས་ཞུའི་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་39218ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་10.7%འཕར་བ་དང་། རིག་གནས་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་ཀྱིས་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ནང་བཟུང་བའི་བསྡུར་ཚད་ཀྱི་55.0%ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.6མཐོ་རུ་ཕྱིན་ཏེ་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཡོངས་ཀྱི་ལས་གཉེར་ཡོང་འབབ་འཕར་བར་ལེགས་སྐྱེས་འབུལ་ཚད་77.0%ཟིན་ཡོད།
རིག་གནས་ཀྱི་ལས་རྣམ་གསར་པའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཞིང་། ལོ་སྟོད་དུ་རིག་གནས་ཀྱི་ལས་རྣམ་གསར་པའི་ཁྱད་ཆོས་མངོན་གསལ་དོད་ཙམ་ཡོད་པའི་ལས་རིགས་ཆུང་གྲས་16ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་31564བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་13.6%འཕར་བ་དང་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཡོངས་ལས་བརྒྱ་ཆའི་གྲངས་6.2མགྱོགས་པ་དང་རིག་གནས་ཀྱི་ལས་རྣམ་གསར་པའི་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་ཀྱིས་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཡོངས་ཀྱི་འཕར་སྣོན་ལ་ལེགས་སྐྱེས་འབུལ་ཚད་76.8%ཟིན་ཡོད།
རིག་གནས་ཁེ་ལས་ཀྱི་ཁེ་སྤོགས་ནུས་པ་རྒྱུན་མཐུད་མཐོ་རུ་སོང་ཞིང་། ལོ་སྟོད་དུ་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ལ་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་6298བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་19.3%འཕར་ཡོད།
འབྲེལ་ཡོད་གསར་འགྱུར།