དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་7ཚེས་8ཉིན་ནས་བཟུང་སྒོ་དབྱེ་སླར་གསོ་བྱས་ཚུན།

    ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་གིས་ལྟད་མོ་བ་མི་ཐེངས་ཁྲི་30ལྷག་ཙམ་ལ་སྣེ་ལེན་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-11

    འདི་ནི་ལྟད་མོ་བས་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་གི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་ལྟ་བཞིན་པ།

    ཟླ་7ཚེས་8ཉིན་ནས་བཟུང་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་སྒོ་དབྱེ་སླར་གསོ་བྱས་ཚུན། ཟླ་8ཚེས་7ཉིན་བར། སྤྱི་ཚོགས་ལས་རིགས་ཁག་ནས་འོང་བའི་ལྟད་མོ་བ་མི་ཐེངས་ཁྲི་30ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། དྲན་གསོ་ཁང་གིས《མི་རིགས་བཅིངས་འགྲོལ་དང་འཛམ་གླིང་ཞི་བདེའི་ཆེད་དུ》ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་བྱས་པར་ལྟད་མོ་བའི་ཡིད་དབང་བཀུག་པ་དང་སྦྲགས། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་ཏེ། རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་ཚོར་ཐུབ་པ་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་སྐྱེད་ཐུབ་པ་བྱུང་ཡོད།

    《མི་རིགས་བཅིངས་འགྲོལ་དང་འཛམ་གླིང་ཞི་བདེའི་ཆེད་དུ》ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་སྟོན་གྱི་ནང་དོན་ཁག་8ལས་གྲུབ་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་12200ཟིན་པར་ཁྱོན་པར་རིས་1525དང་རིག་དངོས་3237འགྲེམས་སྟོན་བྱས་ཡོད།

    བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱིས་དེང་རབས་ཀྱི་འགྲེམས་སྟོན་བྱེད་སྟངས་སྣ་ཚོགས་སྤྱད་དེ་དངོས་རྫས་འགྲེམས་སྟོན་དང་ཡུལ་དངོས་ཀྱི་རྣམ་པ་མཚོན་ཚུལ་འགྲེམས་སྟོན་ཟུང་འབྲེལ་དང་། གཏན་འཇགས་ཀྱི་འགྲེམས་སྟོན་དང་བབ་བསྟུན་རྣམ་འབྱེད་ཟུང་འབྲེལ་གྱིས་ཕན་ཚུན་མཉམ་འགུལ་ཤུགས་ཆེན་ཡོང་བ་དང་དེར་ཞུགས་པའི་ཚོར་སྣང་དྲག་པོ་སྤྲད་དེ། རིག་དངོས་རྩ་ཆེན་དང་། ཡིག་ཚགས་དང་ཚད་ལྡན་ཡིག་ཆ། སྔོན་བྱུང་བརྙན་རིས། སྒྱུ་རྩལ་ཐོན་རྫས། ལོ་རྒྱུས་ཀྱི་རྣམ་པ་སོགས་ཕྱོགས་བསྡུས་ཀྱི་སྒོ་ནས་ལྟད་མོ་བར་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།