ལོ་སྟོད་དུ་རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ཀྱིས་འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར་4.5ལྷག་ཙམ་བསབས་པ།
རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ཀྱིས་ཞུ་གཏུག་བདག་སྤྲོད་བྱས་པའི་གནས་ཚུལ་ལ་བསྡོམས་རྩིས་བརྒྱབ་པ་ལྟར་ན། 2025ལོའི་ལོ་སྟོད་དུ། རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ཀྱིས་འཛད་སྤྱོད་པའི་ཞུ་གཏུག་ཁྱོན་ཁག་995971 བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་27.23% འཕར་བ་དང་། ཞུ་གཏུག་ཁག་509655ཐག་གཅོད་བྱས་ནས་འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར་4.52བསབས་ཤིང་། ངོ་བཅར་དང་བློ་འདྲི་བྱེད་མཁན་འཛད་སྤྱོད་པ་མི་ཐེངས་ཁྲི་33ལ་སྣེ་ལེན་ཞུས་པ་རེད།
ཞུ་གཏུག་གི་ངོ་བོར་གཞིགས་ནས་རིགས་དབྱེ་ན། ཕྱིར་ཚོང་རྗེས་ཀྱི་ཞབས་ཞུའི་གནད་དོན་ཅུང་མངོན་གསལ་དོད་པ་དེས་ཞུ་གཏུག་བསྡོམས་འབོར་གྱི་26.47%བཟུང་ཡོད། 2024ལོའི་ལོ་སྟོད་དང་བསྡུར་ན། རྫུན་མ་དང་། བདེ་འཇགས། དྲིལ་བསྒྲགས་རྫུན་མ་བཅས་ཀྱི་གནད་དོན་ཞུ་གཏུག་གི་བསྡུར་ཚད་ཇེ་མཐོར་སོང་བ་དང་། ཕྱིར་ཚོང་རྗེས་ཀྱི་ཞབས་ཞུ་དང་། སྤུས་ཚད། ཚད་འཇལ་བཅས་ཀྱི་གནད་དོན་ཞུ་གཏུག་གི་བསྡུར་ཚད་ཆག་ཡོད་པ་རེད།
2025ལོའི་ལོ་སྟོད་ཀྱི་ཚོང་ཟོག་ཆེ་རིགས་ཀྱི་ཞུ་གཏུག་གྲངས་གཞི་ལྟར་ན། ཁྱིམ་སྤྱོད་ཀྱི་གློག་རྡུལ་གློག་ཆས་རིགས་དང་། གྱོན་གོས་ཞྭ་ལྷམ་རིགས། ཉེར་མཁོའི་ཚོང་ཟོག་རིགས། བཟའ་བཅའི་རིགས། འགྲིམ་འགྲུལ་ཡོ་བྱད་རིགས་བཅས་ཀྱི་ཞུ་གཏུག་གྲངས་འབོར་ཨང་ལྔ་པའི་ནང་ཚུན་དུ་སླེབས་ཤིང་། 2024ལོའི་ལོ་སྟོད་དང་བསྡུར་ན། གྱོན་གོས་ཞྭ་ལྷམ་རིགས་དང་ཉེར་མཁོའི་ཚོང་ཟོག་རིགས་ཀྱི་ཞུ་གཏུག་བསྡུར་ཚད་མཐོ་རུ་སོང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།