དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧེ་ལུང་ཅང་གིས་རྩེར་སོན་རིག་ནུས་ཞིང་འཕྲུལ་སྒྲིག་ཆས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-11

    གསར་འགོད་པར་ཧེ་ལུང་ཅང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཧེ་ལུང་ཅང་ཞིང་ཆེན་གྱིས་ཞིབ་འཇུག་གསར་སྤེལ་དང་། བཟོ་སྐྲུན། ཁྱབ་སྤེལ། བེད་སྤྱོད་བཅས་གཞི་གཅིག་ཅན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་ཀྱི་ནུས་སྐྱེད་རིམ་སྤོར་ལ་སྐུལ་འདེད་གཏོང་བ། སྤུས་ཚད་ཚད་གཞིའི་མ་ལག་མགྱོགས་མྱུར་སྐྲུན་པ། གཙོ་རྒྱུའི་ཐོན་ཁུངས་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་བཅས་ཕྱོགས་4ལ་དམིགས་ནས། རྩེར་སོན་རིག་ནུས་ཞིང་འཕྲུལ་སྒྲིག་ཆས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱ་ཐབས་ཁག་20བཟོས་ནས་བཏོན་པ་རེད།

    ཧེ་ལུང་ཅང་ཞིང་ཆེན་ལ་ཁྱད་ལྡན་ཞིང་འཕྲུལ་སྒྲིག་ཆས་བཟོ་སྐྲུན་ཁེ་ལས་ཁག་གཅིག་ཡོད་ཅིང་། ཐོན་རྫས་ཁྱབ་ཁོངས་ནང་རྨོ་འདེབས་དང་། གཡོག་བྱེད། བརྔ་བསྡུ་བཅས་ཀྱི་ལྷུ་ཚིགས་ཁག་ཚུད་ཅིང་། རྟ་ཤུགས་ཆེ་བའི་མཉམ་བསྲེས་སྒུལ་ཤུགས་འདྲུད་འཐེན་འཕྲུལ་འཁོར་དང་། མ་རྨོས་ལོ་ཏོག་གི་འབྲུ་རྡོག་བསྡུ་བའི་འཕྲུལ་ཆས། སྐུལ་འོད་རྩྭ་བཀོག་འཕྲུལ་མི་སོགས་གསར་གཏོད་ཐོན་རྫས་ཁག་གཅིག་རྒྱལ་ནང་དང་ཐ་ན་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལ་སླེབས་ནས། ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཡོད། ཉེ་བའི་ལོ་ཤས་རིང་། ཧེ་ལུང་ཅང་ཞིང་ཆེན་གྱིས་ཐོན་ལས་དར་རྒྱས་ཀྱི་བྱ་སྤྱོད་འཆར་གཞི་ལག་ལེན་བསྟར་ཏེ། རྩེར་སོན་རིག་ནུས་ཞིང་འཕྲུལ་སྒྲིག་ཆས་ཐོན་ལས་དེ་ཉིད་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པའི་གཙོ་གནད་ཀྱི་གྲས་ཤིག་ལ་བརྩི་བ་དང་། རྩེར་སོན་རིག་ནུས་ཞིང་འཕྲུལ་སྒྲིག་ཆས་ཐོན་ལས་དར་རྒྱས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱ་ཆེད་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།