ལེའོ་ཉིང་གིས་ལས་རིགས་དང་ཆེད་ལས་རང་བཞིན་གྱི་མི་དམངས་འདུམ་འགྲིག་རྩ་འཛུགས་1200ལྷག་ཙམ་བཙུགས་པ།
ད་ལོ་ཚུན། ལེའོ་ཉིང་ཞིང་ཆེན་གྱིས་གསར་དར་ཐོན་ལས་འཕེལ་རྒྱས་དང་དམངས་འཚོའི་དགོས་མཁོར་དམ་པོར་དམིགས་ནས་འདུམ་འགྲིག་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་སྟེ། མི་དམངས་འདུམ་འགྲིག་ལས་དོན་ཆེད་ལས་ཅན་དང་ཞིབ་ཚགས་ཅན་ལ་ཕྱོགས་སྒྱུར་ཡོང་བར་སྐུལ་འདེད་བཏང་ཞིང་། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱིས་ཤེས་བྱའི་བདག་དབང་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དངུལ་རྩ་སོགས་ཁྱབ་ཁོངས་20ལྷག་ཙམ་ལ་ཁྱབ་པའི་ལས་རིགས་དང་ཆེད་ལས་རང་བཞིན་གྱི་མི་དམངས་འདུམ་འགྲིག་རྩ་འཛུགས་1200ལྷག་ཙམ་བཙུགས་ཤིང་། ད་ལོ་ཚུན་དུ་རིམ་རྩིས་བརྒྱབ་ན་རྩོད་གཞི་ཁག་ཁྲི་2ལྷག་ཙམ་འདུམ་འགྲིག་བྱས་་པ་རེད།
ལེའོ་ཉིང་ཞིང་ཆེན་གྱིས་དུས་བབ་གསར་པའི་འོག་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་པའི་ཐབས་ལམ་གསར་པ་འཛུགས་པ་དང་འགལ་ཟླ་འདུམ་འགྲིག་སྣ་མང་ཅན་གྱི་ལས་ཀའི་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། ལེའོ་ཉིང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་དམངས་སྲིད་ཐིང་སོགས་སྡེ་ཚན་དང་མཉམ་དུ་ལས་རིགས་དང་ཆེད་ལས་རང་བཞིན་གྱི་མི་དམངས་འདུམ་འགྲིག་ལས་དོན་ལ་ཤུགས་སྣོན་རྒྱག་པའི་བསམ་འཆར་བཏོན་པ་དང་། འབྲེལ་ཡོད་ལས་རིགས་ཀྱི་གཙོ་གཉེར་སྡེ་ཚན་དང་མཉམ་དུ་སྨན་བཅོས་རྩོད་གཞི་སྔོན་འགོག་དང་ཐག་གཅོད་དང་། ངལ་རྩོལ་མི་དོན་རྩོད་གཞི་འདུམ་འགྲིག་འདུམ་གཅོད། དམངས་གཉེར་ཁེ་ལས་ཀྱི་ཚོང་དོན་རྩོད་གཞི་འདུམ་འགྲིག གཉེན་སྒྲིག་དང་ཁྱིམ་ཚང་གི་ཉམས་ཉེན་ལ་ཐེ་གཏོགས་སོགས་ལམ་ལུགས་རང་བཞིན་གྱི་ཡིག་ཆ་སྔ་རྗེས་སུ་བཏོན་ནས། འདུམ་འགྲིག་ལས་དོན་ལ་ལམ་ལུགས་ཀྱི་འདེགས་སྐྱོར་བརྟན་པོ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།