དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧའོ་ཅི་ལྕགས་ལམ་དུ་རིམ་རྩིས་བརྒྱབ་ན་ཟོག་འདྲེན་མེ་འཁོར་ཁྲི་8ལྷག་ཙམ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-11

    ཉེ་ཆར། རྡོ་སོལ་ཏུན་3614བླུགས་པའི་མེ་འཁོར་དུས་ཐེངས་83277ཧྲའན་ཤིས་ཅིང་པེན་ཤར་ཚུགས་ནས་དལ་བུར་ཐོན་ཏེ་ལྷོ་ཕྱོགས་ཀྱི་ཧུའུ་པེ་ཞིང་ཆེན་ཤང་ཀྲོའུ་བྱང་ཚུགས་སུ་བསྐྱོད་པ་དང་། དེ་ཐོག་ནས་ཧའོ་ཅི(ནང་སོག་ཧའོ་ལེ་པའོ་ཅི་ནས་ཅང་ཤིས་ཅི་ཨན་བར)ལྕགས་ལམ་དུ་རིམ་རྩིས་བརྒྱབ་ན་ཟོག་འདྲེན་མེ་འཁོར་ཁྲི་8ལྷག་ཙམ་བཏང་བ་མཚོན་ཡོད།

    རང་རྒྱལ་གྱི“བྱང་སོལ་ལྷོ་འདྲེན”གྱི་རྡོ་སོལ་སྐྱེལ་འདྲེན་འཐབ་ཇུས་བགྲོད་ལམ་རིང་ཤོས་ཡིན་པའི་ངོས་ནས་2019ལོར་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པའི་ལྗིད་ཐེག་ལྕགས་ལམ་དེས“ལོ་ལྔ་ཚན་བཅུ་བཞི་པའི”རིང་དངོས་ཟོག་ཏུན་དུང་ཕྱུར་4ལྷག་ཙམ་སྐྱེལ་འདྲེན་བྱས་ནས། ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་ནུས་རྒྱུ་མཁོ་སྤྲོད་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ལ་གྱུར་ཡོད།

    ཧའོ་ཅི་ལྕགས་ལམ་དེ་ཉིད་ནང་སོག་དང་། ཧྲའན་ཤིས། ཧྲན་ཤིས། ཧོ་ནན། ཧུའུ་པེ། ཧུའུ་ནན། ཅང་ཤིས་བཅས་ཞིང་ཆེན་7བརྒྱུད་ཅིང་། རིང་ཚད་ལ་སྤྱི་ལེ་1813.5ཡོད་པ་དང་། དེ་ནི་འཛམ་གླིང་ཐོག་ཐེངས་གཅིག་ལ་བསྐྲུན་པ་མ་ཟད་སྐྱེལ་འདྲེན་ལས་གཉེར་ལམ་ཐག་རིང་ཤོས་ཀྱི་ལྗིད་ཐེག་ལྕགས་ལམ་ཞིག་ཡིན་ལ། རང་རྒྱལ་གྱི“བྱང་སོལ་ལྷོ་འདྲེན”འཐབ་ཇུས་བཀོད་སྒྲིག་གི་བགྲོད་ལམ་གལ་ཆེན་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།