དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བཏོན་ནས་ལོ་ཉི་ཤུ་སོང་རིང་།

    འཛམ་གླིང་གི་སྐྱེ་ཁམས་ཤེས་དཔལ་འཕེལ་རྒྱས་གཏོང་ཆེད་ཀྲུང་གོའི་བློ་གྲོས་སྐྱེས་སུ་ཕུལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-11

    ཀྲེ་ཅང་ཨན་ཅི་ཡུས་གྲོང་ཚོར་རྒྱང་ལྟ་བྱས་པའི་རྣམ་པ།

    ཟླ་7ཚེས་19ཉིན། ཡུལ་སྐོར་བས་ནང་སོག་ཨེར་ཏུའོ་སི་གྲོང་ཁྱེར་ཏ་ལ་ཐེ་ཆིའི་མངའ་ཁོངས་ཁུའུ་པུའུ་ཆི་བྱེ་ཐང་ཁྲོད་ཀྱི་མཛེས་ལྗོངས་ཁུལ་དུ་བྱེ་ཐང་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཉམས་ལེན་བྱེད་བཞིན་པ།

    ཟླ་3ཚེས་26ཉིན། ཡུན་ནན་ཕུའུ་ཨེར་གྲོང་ཁྱེར་ཀྲེན་ཡོན་དབྱིས་རིགས་ཧ་ཉི་རིགས་ལ་ཧུའུ་རིགས་རང་སྐྱོང་རྫོང་གི་ཇ་ཞིང་ནང་ཇ་འདེབས་ཞིང་པས་བཏུས་མ་ཐག་པའི་དཔྱིད་ཇ་སྟོན་བཞིན་པ།

    ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་འགན་འཁུར་བའི་ལྷོ་ཨ་ཧྥེ་རི་ཁའི་མཐོ་ལྕོག་ཞུན་ཚྭའི་གློག་ཁང་གིས་ལོ་ལྟར་ལྷོ་ཨ་ཧྥེ་རི་ཁའི་གློག་དྲར་ཆུ་ཚོད་ཅི་ཝ་480ཙམ་གྱི་གློག་གཏོང་གི་ཡོད་པ་དང་ཁྱིམ་ཚང་ཁྲི་20ལྷག་ཙམ་གྱི་གློག་སྤྱོད་དགོས་མཁོ་བསྐངས་ཡོད།

    ཕ་ཁི་སི་ཐན་གྱི་ཁ་ལུའོ་ཐེའི་ཆུ་ཤུགས་གློག་ཁང་གི་གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་འདོན་ཚད་ཆན་ཝ་ཁྲི་72ཟིན་པས་སྔོན་དཔག་བྱས་ན་ལོ་ལྟར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་350ཉུང་གཏོང་ཐུབ་རྒྱུ་རེད།

    ད་ལོ་ནི“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས(གཤམ་དུ“རི་གཉིས”འདུ་ཤེས་ཞེས་བསྡུ་རྒྱུ)བཏོན་ནས་ལོ་20སོང་ཡོད། འདུ་ཤེས་འདིས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བར་གྱི་འབྲེལ་བ་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱས་བཤད་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་དང་། སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཞིག་ཡིན་པའི་གནས་ལུགས་གསལ་སྟོན་གཏིང་ཟབ་བྱས་པ་མ་ཟད། འཕེལ་རྒྱས་དང་སྲུང་སྐྱོང་མཐུན་སྦྱོར་མཉམ་གནས་ཡོང་བའི་ཐབས་ལམ་གསར་པ་གསལ་སྟོན་ཡང་བྱས་ཡོད། འདུ་ཤེས་འདིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ལག་ལེན་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པ་མ་ཟད། གོ་ལ་ཧྲིལ་པོའི་ལྗང་མདོག་ཕྱོགས་སྒྱུར་ལ་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཀྱང་ཕུལ་ཡོད་པས་འཛམ་གླིང་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

    ཧྲ་ཅིར·ལཱ་མའེ (ཕ་ཁི་སི་ཐན་ཨེ་ཤེ་ཡའི་སྐྱེ་ཁམས་ཤེས་དཔལ་ཞིབ་འཇུག་དང་འཕེལ་རྒྱས་ཞིབ་འཇུག་སུའོ་ཡི་དབུ་བཞུགས་ལག་བསྟར་དཔོན)

    ལུའུ་ཁ་སི·ཀུའུ་ཐེ་ལེ་སི·ལོ་ཏེ་ལི་ཀེ་སི (སི་ཕེན་གྱི་སྐྱེ་ཁམས་རིགས་གཅིག་མཁས་ཅན་དང་། ལྷོ་ནུབ་ཚན་རྩལ་སློབ་ཆེན་ཚེ་སྲོག་ཚན་ རིག་དང་ཞིང་ལས་ནགས་ལས་སློབ་གླིང་གི་དགེ་རྒན་ཆེ་མོ་བ)

    ཧྥེ་ལི་ཕུའུ·ཁེ་ལའེ་ཏུན (ཨ་རིའི་སྐྱེ་ཁམས་ཤེས་དཔལ་ཞིབ་འཇུག་ཁང་གི་ཡོན་ཀྲང)

    པེ་ཐེ་ཧོར་ཏེ·ཁུའུ་ཨེན (འཇར་མན་གྱི་པེར་ལིན་རང་དབང་སློབ་ཆེན་གྱི་མཁས་དབང་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཁོར་ཡུག་སྲུང་སྐྱོང་བློ་འདྲི་བ)

    “རི་གཉིས”འདུ་ཤེས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་གཅིག་གྱུར་བྱུང་ནས་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་རང་བཞིན་མངོན་གསལ་དོད་པོ་མངོན་པ།

    ཧྲ་ཅིར·ལཱ་མའེ་ཡིས་བརྗོད་དོན། དུས་ཡུན་རིང་པོའི་ནང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་བྱེད་སྟངས་ཀྱིས་ཐོན་ཁུངས་འཕྲོག་བཅོམ་རྣམ་པའི་འཕར་སྣོན་ཁྱད་ཆོས་སུ་བྱས་ཏེ། ཐོན་ལས་སྤོ་སྒྱུར་བྱས་པ་བརྒྱུད་སྦགས་བཙོག་ཕྱིར་སྐྱེལ་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་འདྲ་མཉམ་མིན་པ་དང་སྐྱེ་ཁམས་ཀྱི་ཉམས་ཉེན་ཛ་དྲག་ཏུ་ཕྱིན་ཡོད། “རི་གཉིས”འདུ་ཤེས་ནང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་བྱེད་པ་ཞིག་ཡིན། དེས་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་འགལ་ཟླར་གྱུར་པའི་སྔར་ཡོད་ཀྱི་བསམ་བློ་མེད་པར་བཟོས་པ་བཏོན་ཡོད། འདུ་ཤེས་དེ་ས་གནས་ཀྱི་འཚོལ་ཞིབ་བྱེད་པ་ནས་རྒྱལ་ཡོངས་ཀྱི་ལག་ལེན་དུ་འཁྱོལ་བ་དང་དེ་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་འཕེལ་རྒྱས་བཏང་སྟེ་ཆ་ཚང་བའི་འདུ་ཤེས་ཀྱི་མ་ལག་ཅིག་ཆགས་ཡོད། དེས“སྣོད་བཅུད་མཉམ་གནས”ཀྱི་ཤར་ཕྱོགས་ཀྱི་བློ་གྲོས་མངོན་པ་དང་འཕེལ་རྒྱས་གཏོང་བ་དང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ཁ་གཏད་ནས་གཅིག་གྱུར་བར་གྱི་མ་དཔེའི་འཕོ་འགྱུར་མངོན་འགྱུར་བྱུང་སྟེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གཞུང་ལུགས་ལ་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་ཕུལ་ཡོད་པས། དེ་ནི་མིའི་རིགས་ཀྱི་ཤེས་རིག་ཡར་ཐོན་ཐད་ཀྱི་ཀྲུང་གོའི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གལ་ཆེན་ཞིག་ཡིན།

    ལུའུ་ཁ་སི·ཀུའུ་ཐེ་ལེ་སི·ལོ་ཏེ་ལི་ཀེ་སིས་བརྗོད་དོན། མི་དང་རང་བྱུང་ཁམས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པ་དེ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རི་གཉིས”འདུ་ཤེས་བཏོན་གནང་ནས་དེའི་ནང“སྐྱེ་ཁམས་ཁོར་ཡུག་བློས་གཏོང་དུ་བྱས་ནས་སྐབས་འཕྲལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་གཏན་ནས་བྱེད་མི་རུང”ཞེས་གསུངས་པ་རེད། འདུ་ཤེས་འདིས་ཀྲུང་གོས་འཕེལ་རྒྱས་གཏོང་བའི་ཁྲོད་རང་བྱུང་སྲུང་སྐྱོང་དང་རང་བྱུང་སྲུང་སྐྱོང་བྱེད་པའི་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མའི་སྒུལ་ཤུགས་བཏོན་ནས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་འབུལ་བར་ཁྲིད་སྟོན་བྱས་ཡོད།

    “རི་གཉིས”འདུ་ཤེས་ནི་མི་དང་རང་བྱུང་ཁམས་བར་གྱི་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་འཕེལ་རྒྱས་ལྟ་བ་གསར་སྒྱུར་དང་རྒྱ་བསྐྱེད་པ་ཞིག་ཡིན། དེས་དཔལ་འབྱོར་འཕར་བ་དང་སྐྱེ་ཁམས་སྲུང་སྐྱོང་གི་འགལ་ཟླའི་ནུབ་ཕྱོགས་ཀྱི་སྲོལ་རྒྱུན་འཕེལ་རྒྱས་ཀྱི་དཔེ་ཚུལ་དང་རྒྱུ་གཉིས་འགལ་ཟླའི་བསམ་བློ་ལས་ཚད་བརྒལ་བྱུང་ནས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྩོད་སྒྲུབ་གཅིག་གྱུར་མངོན་འགྱུར་བྱུང་ཡོད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་འཕེལ་འགྱུར་གྱི་ཟུར་ཚད་ཐོག་ནས་བལྟས་ན། “རི་གཉིས”འདུ་ཤེས་ནི་སྲོལ་རྒྱུན་གྱི་འཕར་སྣོན་རིགས་པའི་གཞུང་ལུགས་གསར་བཅོས་བྱས་པ་ཞིག་རེད། དེས་མི་དང་རང་བྱུང་ཁམས་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་སྐྱེ་ཁམས་ཁོར་ཡུག་གི་འདེགས་སྐྱོར་དང་ཁ་བྲལ་ཐབས་མེད་པ་ནན་བཤད་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་དང་མི་དམངས་ཀྱི་བདེ་རྩའི་བར་གྱི་འབྲེལ་བ་ཁ་གསལ་བཏོན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་གྱིས་སྤྱི་ཚོགས་དང་། དཔལ་འབྱོར། སྐྱེ་ཁམས་བཅས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་ནི་ལག་ལེན་དུ་འཁྱོལ་ཐུབ་པ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད།

    ཧྥེ་ལི་ཕུའུ·ཁེ་ལའེ་ཏུན་གྱིས་བརྗོད་དོན། “རི་གཉིས”འདུ་ཤེས་མ་བཏོན་གོང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ལོགས་སུ་བརྗོད་པ་ནི་ཡོངས་ཁྱབ་ཀྱི་བྱེད་སྟངས་ཤིག་རེད། ནུབ་ཕྱོགས་ཀྱི་ཁོར་ཡུག་སྲུང་སྐྱོང་རིང་ལུགས་པ་ཁག་གཅིག་གིས་ཚོང་ལས་དང་དཔལ་འབྱོར་བྱེད་སྒོའི་ངོ་བོ་དེ་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་དང་རྒྱབ་འགལ་ཡིན་པ་དང་། རང་བྱུང་ཁམས་ཆེ་མོ་དེ་དཔལ་འབྱོར་གྱི་སྤྱོད་མཁོར་སྤྱོད་མི་ཆོག་པའི་ངོས་འཛིན་བྱེད་ཀྱི་ཡོད། “རི་གཉིས”འདུ་ཤེས་ཀྲུང་གོར་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ་དེ་ཐོག་ནས་ཁོར་ཡུག་སྲུང་སྐྱོང་དང་དམངས་ཚོགས་ཀྱི་དཔལ་འབྱོར་དགོས་མཁོ་སྐོང་རྒྱུ་མཐུན་སྦྱོར་ཐུབ་པ་མཚོན་གྱི་ཡོད་པས། འདུ་ཤེས་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད།

    ཀྲུང་གོས་ལྗང་མདོག་གི་རྒྱལ་སྤྱིའི་མཉམ་ལས་རྒྱུན་མཐུད་ངང་སྤེལ་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་དེང་རབས་ཅན་དུ་འགྱུར་བར་མཐུན་རྐྱེན་སྦྱར་ཡོད།

    པེ་ཐེ་ཧོར་ཏེ·ཁུའུ་ཨེན་གྱིས་བརྗོད་དོན། “རི་གཉིས”འདུ་ཤེས་ཀྱིས་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བཅོས་སྐྱོང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་བྱེད་པར་ཀྲུང་གོའི་ཇུས་གཞི་བཏོན་ནས། སྐྱེ་ཁམས་སྲུང་སྐྱོང་དང་། གནམ་གཤིས་ལ་ཁ་གཏད་གཅོག་པའི་བྱ་སྤྱོད། རྒྱུན་མཐུད་ཆོག་པའི་འཕར་ཚད་སོགས་ཕྱོགས་མང་པོའི་དགོས་མཁོ་དང་མཐུན་པ་མ་ཟད། སྲོལ་རྒྱུན་གྱི་འཕེལ་རྒྱས་བསམ་ཕྱོགས་ལས་བརྒལ་རྒྱུར་ཁྲིད་སྟོན་ཡང་བྱས་ཡོད། དེ་ནི་རྒྱལ་སྤྱིའི་མཉམ་ལས་ཀྱི་ལས་སྟེགས་བརྒྱུད་རྒྱལ་ཁབ་གཞན་དག་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དཔྱད་གཞིར་འཛིན་ཆོག་པའི་ཐབས་ལམ་བཏོན་པ་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་རིང་ཀྲུང་གོས་ཕུལ་བའི་ལེགས་སྐྱེས་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། འཇར་མན་སོགས་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་དང་ཀྲུང་གོའི་དབར་གནམ་གཤིས་ཀྱི་འགྱུར་ལྡོག་དང་། ལྗང་མདོག་ཕྱོགས་སྒྱུར་སོགས་ཁྱབ་ཁོངས་སུ་མཉམ་ལས་མང་པོ་བྱས་པ་དང་། མཐོ་རིམ་དབར་སྐད་ཆ་ཤོད་རེས་དང་དེ་བཞིན་ནུས་རྒྱུ་ཕྱོགས་སྒྱུར་དང་། ལྗང་མདོག་ཆིང་ནུས་སོགས་ཀྱི་རྣམ་གྲངས་ལ་བརྟེན་ནས་ཐཱན་ཉུང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཡོད།

    ཧྲ་ཅིར·ལཱ་མའེ་ཡིས་བརྗོད་དོན། ཨེ་ཤེ་ཡའི་མ་འཇོག་དངུལ་ཁང་དང་འབོ་གསེར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ལྗང་མདོག་དངུལ་རྩའི་རྒྱབ་སྐྱོར་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྣམ་གྲངས་ཁྲོད་ཀྱི་ལྗང་མདོག་ལག་རྩལ་མཉམ་སྤྱོད་བྱས་པ་བརྒྱུད། “རི་གཉིས”འདུ་ཤེས་ཀྱིས་རྒྱལ་ཁབ་དང་ས་ཁུལ་སྔར་ལས་མང་བར་ཤུགས་རྐྱེན་ཐེབས་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཕ་ཁི་སི་ཐན་དང་ཀྲུང་གོས་ལྗང་མདོག་མཉམ་ལས་ཀྱི་རྣམ་གྲངས་རབ་དང་རིམ་པ་ལག་ལེན་བསྟར་བ་སྟེ། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་ཆུ་གློག་མ་འཇོག་རྣམ་གྲངས་ཐོག་མ་སྟེ་ཁ་ལུའོ་ཐེ་ཆུ་ཤུགས་གློག་ཁང་གིས་ས་གནས་ལ་ནུས་རྒྱུ་གཙང་མ་མཁོ་འདོན་དང་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་པ་མ་ཟད། ཀྲུང་གོའི་འོད་ཤུགས་ཐོན་རྫས་དང་། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཕ་ཁི་སི་ཐན་གྱི་ཁྲོམ་རར་བཏོན་ནས་ལྗང་མདོག་ཕྱོགས་སྒྱུར་ཡོང་བར་རོགས་རམ་བྱས་ཡོད། “རི་གཉིས”འདུ་ཤེས་ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་འཕེལ་རྒྱས་དང་སྲུང་སྐྱོང་གཉིས་ཀ་ཐུབ་པའི་ཐབས་ལམ་གསར་པ་བཏོན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་ཐོབ་པའི་ལག་ལེན་བཏོད་པ་དེས་མིའི་རིགས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།