དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཞིམ་ཟས་དཔལ་འབྱོར་གྱིས་བོད་ལྗོངས་ཀྱི་འཛད་སྤྱོད་སྒུལ་ནུས་གསར་པ་འཕེལ་བར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-11

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་7ཚེས་12ཉིན་ནས་བཟུང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དུ་གནས་པའི་ཝང་ཧྥུའུ་ཅིང་ཐང་ཆེན་བྱང་མ་དེ་མི་རྣམས་སྤྲོ་སྣང་ལོངས་སྤྱོད་བྱ་ཡུལ་ཞིག་ཏུ་གྱུར་ཞིང་། ཟླ་8ཚེས་10ཉིན་བར་རྒྱུན་མཐུད་རྒྱུ་ཡིན་པའི་2025ལོའི་ལྷ་སའི་སྦི་རག་དུས་ཆེན་གྱི་བྱེད་སྒོ་ལས་བོད་ཀྱི“ཞིམ་ཟས་ལ་རོལ་བའི་དུས་ཚིགས”ཀྱི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད།

    འདི་ལོ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་། ཚོང་དོན་པུའུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་བཅས་སྡེ་ཚན་གསུམ་གྱིས་2025ལོའི“ཞིམ་ཟས་ལ་རོལ་བའི་དུས་ཚིགས”ཀྱི་བཟའ་བཅའི་སྤུས་ཚད་ལེགས་སུ་དང་དགོས་མཁོ་ཆེ་རུ་གཏོང་བའི་བྱ་སྤྱོད་སྤྱི་འདོམས་བཀོད་སྒྲིག་བྱས་པ་དང་། བྱེད་སྒོ་དེ་ཟླ་6པ་ནས་ཟླ་12པའི་བར་རྒྱུན་མཐུད་ངང་སྤེལ་ནས“བཟའ་བཅའི་བཟོ་ལས་དང་། གྲངས་རིག བཟའ་བཏུང་། སྤྲོ་གསེང་བཅས་ཟུང་དུ་འབྲེལ་བའི”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    བོད་ལྗོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་སྡེ་ཚན་གྱིས་ཚོང་དོན་དང་ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་དང་མཉམ་དུ་གོ་སྐབས་དམ་འཛིན་དང་བབ་བསྟུན་ལས་སྒྲུབ་ཀྱིས“ཞིམ་ཟས་ལ་རོལ་བའི་དུས་ཚིགས”གོ་སྐབས་སུ་བྱས་ནས། སྤྱི་ཚོགས་ལས་རིགས་ཁག་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་རྒྱ་ཁྱབ་བྱས་ཏེ། སྲོལ་རྒྱུན་ལེགས་ལྡན་བཟའ་བཅའི་ཐོན་ཁུལ་དང་ས་གནས་ཀྱི་ཁྱད་ལྡན་བཟའ་བཅའི་ཐོན་ལས་སྐྱེད་སྲིང་དང་གཏོད་རྒྱུར་དམིགས་པ་དང་། མི་རིགས་ཀྱི་ཁྱད་ལྡན་བཟའ་བཅའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ། “འཛད་སྤྱོད་རྒྱ་ཆེར་དང་། འཕེལ་རྒྱས་ལ་སྐུལ་འདེད། རིག་གནས་དར་སྤེལ”བཅས་ཀྱི་དམིགས་ཚད་ལ་དམིགས་ཏེ། ཟླ་8པ་ནས་ཟླ་10པའི་བར“བོད་ཀྱི་ཞིམ་ཟས”ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། མི་རིགས་ཀྱི་ཁྱད་ལྡན་གྲོ་ཟན་བཟོ་རྩལ་འགྲན་བསྡུར་དང་ནས་ཀྱི་བག་ལེབ་ཀྱི་བྲོ་བ་མྱོང་བའི་གདན་ཞུའི་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་བཟའ་བཅའི་འཛད་སྤྱོད་ཀྱི་ཐོན་རྫས་གསར་པ་དང་རྣམ་པ་གསར་པ་སོགས་གཏོད་རྒྱུ་རེད།

    བོད་རང་སྐྱོང་ལྗོངས་དཔལ་འབྱོར་ཆ་འཕྲིན་ཐིང་གི་འཛད་སྤྱོད་ཐོན་རྫས་དང་སྒྲིག་ཆས་བཟོ་ལས་ཁྲུའི་ཁྲུའུ་ཀྲང་མའོ་པེ་ཡིས། ང་ཚོས་འཛད་སྤྱོད་པའི་དགོས་མཁོར་གཞིགས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་གཡོས་སྦྱོར་བཟའ་བཏུང་མཐུན་ཚོགས་སོགས་སྡེ་ཚན་དང་མཉམ་དུ་ཞིམ་ཟས་འགྲེམས་སྟོན་སྤེལ་རེས་ལས་སྟེགས་བཙུགས་ནས། སྤུས་ལེགས་ཁྱད་ལྡན་ཞིམ་ཟས་གཅིག་སྡུད་ཀྱིས་སྤུས་ལེགས་ཞིམ་ཟས་ལ་བཅངས་པའི་མི་དམངས་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་སྐོང་བ་དང་། ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་གིས་བཟའ་བཏུང་དང་དེ་བཞིན་བཟའ་བཅའ་ལས་སྣོན་ཁེ་ལས་སྤུས་མཐོ་རིམ་སྤོར་དང་ནུས་སྐྱེད་ཕན་ཆེ་ཡོང་བར་རམ་འདེཌ་བྱས་ཏེ། བོད་ཀྱི་ཞིམ་ཟས་རིག་གནས་ཀྱི་སྐད་གྲགས་ཇེ་ཆེར་འགྲོ་བར་སྐུལ་འདེད་གཏོང་གི་ཡིན་ཞེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།