བེ་ཤ་འཐུ་བར་གཞོལ། དྲ་ཐོག་ཚོང་ལམ་ཡངས།
འདི་ནི་ཐད་གཏོང་བ་ཞིག་གིས་བེ་ཤ་འོས་སྦྱོར་བྱེད་བཞིན་པ།
འདི་ནི་གྲུང་དཔལ(མདུན)གྱིས་ཡུལ་སྐོར་བར་བེ་ཤ་སྟོན་བཞིན་པ།
ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནི་གོ་ལ་ཧྲིལ་པོའི་བེ་ཤ་ཐོན་འབབ་ཆེ་ཤོས་ཀྱི་ས་ཆའི་གྲས་ཤིག་རེད། ཉེ་དུས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་དུ་གནས་པའི་སྐྱིད་བདེ་གྲོང་ཚོར་བེ་ཤ་འཐུ་བའི་དུས་ཚིགས་ཤར་ཞིང་། ལག་ཐོགས་ཁ་པར་སོགས་སྒུལ་བདེ་སྨྱན་བྱེད་ཁྱབ་གདལ་དུ་སོང་བ་དང་བསྟུན་ནས་ན་གཞོན་སྔར་བས་མང་བས་བརྙན་ཐུང་དང་ཐད་གཏོང་སོགས་བརྒྱུད་དེ་ཤ་མོ་འཐུ་བའི་བརྒྱུད་རིམ་མི་རྣམས་ཀྱི་མིག་ལམ་དུ་སྟོན་གྱི་ཡོད།
1990ལོར་སྐྱེས་པའི་གྲུང་དཔལ་ཆུང་དུས་ནས་རྒན་རབས་ཚོ་དང་མཉམ་དུ་རི་འགོར་བེ་ཤ་འཐུ་བར་འགྲོ་གི་ཡོད། ནར་སོན་རྗེས་གྲོང་ཚོའི་ནང་གི་དྲ་ཐོག་ཚོང་དོན་ལ་བརྟེན་ནས་བེ་ཤ་འཚོང་མཁན་སྔ་ཤོས་ཀྱི་གྲས་སུ་གྱུར་ཅིང་། ལོ་ཤས་ཀྱི་གོང་ཁོང་སྐྱིད་བདེ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པར་ཡང་བདམས་ཐོན་བྱུང་ཡོད། གྲུང་དཔལ་གྱིས་བེ་ཤ་གསོ་སྤེལ་རྒྱ་སྐྱེད་བྱེད་སྟངས་འཚོལ་ཞིབ་བྱས་ཏེ“འཐུ་མཚམས་འཇོག་པ”དང་ཟུང་འབྲེལ་སོགས་ཀྱི་བྱེད་ཐབས་ལག་བསྟར་ནན་པོ་བྱས། བེ་ཤ་གསོ་སྤེལ་རྒྱ་སྐྱེད་དཔེ་སྟོན་རྟེན་གཞི་བསྐྲུན་རྗེས། རྟེན་གཞིའི་བེ་ཤ་རང་བཞིན་གྱིས་མང་དུ་འགྲོ་ཚད་20%ལས་བརྒལ་ནས་ཡུལ་ལུང་དེ་གའི་མང་ཚོགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།
2024ལོར། གྲུང་དཔལ་གྱི་སྐུལ་འདེད་འོག་སྐྱིད་བདེ་གྲོང་ཚོས་དྲ་ཕྱིར་ཉོ་ཚོང་དང་། དྲ་ཐོག་ཏུ་ཐད་གཏོང་། གྲང་མཛོད་དུ་སོས་ཉར་བཅས་ཀྱི་བྱེད་ནུས་གཅིག་འདུས་ཀྱི་གྲོང་ཚོ་རིམ་པའི་བེ་ཤ་ཉོ་ཚོང་ཁྲོམ་ར་བསྐྲུན་ཞིང་། དྲ་ཐོག་ཕྱིར་འཚོང་ལས་སྐྱིད་བདེ་གྲོང་ཚོའི་བེ་ཤའི་ཚོང་ལམ་ཇེ་ཡངས་སུ་སོང་བ་རེད།
འབྲེལ་ཡོད་གསར་འགྱུར།