དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་ཆེན་བསྒྲལ་ནས་གྲོང་གསེབ་ཀྱི་སྣེ་ཁྲིད་པར་ལས་ཐོག་སྦྱོང་བརྡར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-10

    ཉིན་ཤས་གོང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་སྒྲིག་འཛུགས་བྱས་པའི་གྲོང་ཚོ(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་རྗེས་གྲབས་ལས་བྱེད་པ་བརྒྱ་ཡིས་ཨན་ཧུའེ་དང་། ཧུའུ་པེ། ཧུའུ་ནན་བཅས་ཞིང་ཆེན་གསུམ་དུ་དུས་ཡུན་ཟླ་བ་གསུམ་རིང་གི་ལས་ཐོག་སྦྱོང་བརྡར་ལས་འགན་ལེགས་སྒྲུབ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དང་སླེབས་ཉེར་ཡོད་པའི་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེར་རྨང་གཞི་བརྟན་པོ་བཏིང་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་བྱང་ཚད་མཐོ་བའི་གཞི་རིམ་གྱི་སྣེ་ཁྲིད་པའི་དཔུང་ཁག་སྦྱོང་བརྡར་ཧུར་ཐག་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པའི་ངོས་ནས་གྲོང་ཚོ(སྡེ་ཁུལ)ལས་བྱེད་པ་བརྒྱའི་ལས་ཐོག་སྦྱོང་བརྡར་བྱེད་འགོ་བཙུགས་མ་ཐག་ལྷོ་ཁ་གྲོང་ཨུད་རྩ་འཛུགས་པུས་ཚུགས་གནས་མཐོ་པོས་སྤྱི་འདོམས་བྱས་ཏེ། ཞིང་ཆེན་གསུམ་གྱི་བོད་སྐྱོར་སྟོབས་ཤུགས་དང་སྦྲེལ་མཐུད་གནད་སྨིན་བྱེད་པ་དང་། “ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ཀུན་སྤྱོད་དང་སྤྱོད་ལམ་ཡག་པ། ཕྱུག་འགྱུར་སྣེ་ཁྲིད་ཀྱི་འཇོན་ཐང་ཆེ་བ། མཐུན་སྦྱོར་བྱེད་ནུས་ཆེ་བ”བཅས་ཀྱི་ཚད་གཞིར་བརྩི་སྲུང་ནན་པོ་བྱས་ཏེ། གྲོང་ཚོའི(སྡེ་ཁུལ)ལས་བྱེད་པ་103བདམས་པ་དང་། ཞིང་ཆེན་གསུམ་གྱི་ཁ་གཏད་ཤང་དང་གྲོང་རྡལ་དང་གྲོང་ཚོ(སྡེ་ཁུལ)དང་སྦྲེལ་མཐུད་གནད་སྨིན་བྱས་ནས་གཞི་རིམ་བཅོས་སྐྱོང་གི་ལྟེ་བའི་ལྷུ་ཚིགས་ནང་གཏིང་ཟབ་ཞུགས་ཡོད། དེ་མིན“1+1”གམ་ཡང་ན“1+2”ཀྱི་ས་གནས་དེ་གའི་ལས་བྱེད་པའི་ལས་ཐོག་རོགས་ཁྲིད་ལམ་སྲོལ་བརྒྱུད་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པ་རྣམས་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་རྣམ་གྲངས་ཀྱི་སྐུལ་འདེད་དང་གྲོང་གསེབ་འཛུགས་སྐྲུན་ནང་གཏིང་ཟབ་ཞུགས་པ་མ་ཟད། གཞི་རིམ་ཏང་འཛུགས་སྐྱོང་དང་། མཉམ་སྡེབ་དཔལ་འབྱོར། འགལ་ཟླ་འདུམ་འགྲིག་སོགས་ལྟེ་བའི་ཞིབ་འཇུག་བྱ་གཞིར་དམིགས་ནས“རེ་རེ་བཞིན”བརྟག་ཞིབ་བྱས་ཏེ་ལྗོངས་ཕྱིའི་ཚ་ཚ་འུར་འུར་གྱི་བཅོས་སྐྱོང་ལག་ལེན་ཁྲོད་འཇོན་ཐང་ངོ་མ་སྦྱོང་བརྡར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།