ཨ་རིའི་ཅཱ་ཀྲོའུ་ལྷོ་མའི་ཕྱིར་སྡོད་ཀྲུང་གོ་བའི་གཞོན་ནུ་ལོ་ཆུང་གི་ཆུ་རྩེད་སྤོ་ལོའི་མཉམ་འབྲེལ་རུ་ཁག་ཀོང་ཀྲོའུ་རུ་སྤེལ་རེས་འགྲན་བསྡུར་ལ་ཡོང་བ།
ཉེ་ཆར། ཨ་རིའི་ལུའོ་ཧྲན་ཅི་ས་ཁུལ་ནས་ཡོང་བའི་ཅཱ་ཀྲོའུ་ལྷོ་མའི་ཕྱིར་སྡོད་ཀྲུང་གོ་བའི་གཞོན་ནུ་ལོ་ཆུང་གི་ཆུ་རྩེད་སྤོ་ལོའི་མཉམ་འབྲེལ་རུ་ཁག་གི་འཐུས་མི་ཚོགས་པ་གདན་ཞུས་ལྟར་ཀོང་ཀྲོའུ་རུ་སྤེལ་རེས་འགྲན་བསྡུར་ལ་ཡོང་ནས། ཀྲུང་ཨའི(ཀོང་ཀྲོའུ་དང་ལུའོ་ཧྲན་ཅི)གཞོན་ནུ་ལོ་ཆུང་གི་ཆུ་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་ལ་ཞུགས་པ་རེད། འཐུས་མི་ཚོགས་པ་དང་བཅས་པ་ད་དུང་ཀོང་ཀྲོའུ་ཡི་ཡུའེ་ཞིའུ་སྤྱི་གླིང་དུ་ཡོང་ནས་ཝུའུ་དབྱང་རྡོ་བརྐོས་གཟུགས་བརྙན་ལ་ལྟ་སྐོར་བྱས་པ་མ་ཟད། ཀོང་ཀྲོའུ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་དང་ཕན་ཚུན་ལག་རྟགས་ཆུང་ངུ་སྤྲོད་རེས་བྱས་ནས་གྲོགས་པོ་སྒྲིག་པ་རེད།
ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ལོ་ཆུང་གིས་ཡུའེ་ཞིའུ་སྤྱི་གླིང་དུ“ཀོང་ཀྲོའུ་དང་ལུའོ་ཧྲན་ཅི་ཡི་མཛའ་གྲོགས་ལྡུམ་རར”མཛའ་གྲོགས་ལྗོན་ཤིང་མཉམ་དུ་བཙུགས་ཤིང་། ཝུའུ་དབྱང་རྡོ་བརྙན་གྱི་དཔེ་དབྱིབས་དང་། ཀོང་ཀྲོའུ་མཆོད་རྟེན་གྱི་དཔེ་དབྱིབས། ཡིག་སྐོགས་མེད་པའི་འཕྲིན་ཡིག་སོགས་ལག་རྟགས་ཆུང་ངུར་བརྟེན་ནས་ཕྲུ་གུ་ཚོར་བརྩེ་སེམས་མཚོན་པར་བྱས་པ་རེད། བྱེད་སྒོ་མཇུག་འགྲིལ་སྐབས་ཀྲུང་ཨའི་གཞོན་ནུ་ལོ་ཆུང་ཚོས་ད་དུང་ཕན་ཚུན་འབྲེལ་གཏུག་ཁ་པར་ཨང་གྲངས་སོགས་བཞག་ནས་སླད་ཕྱིན་སྤེལ་རེས་དེ་བས་མང་བ་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།