དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲོས་འགོའི་པུའུ་རིམ་པའི་བགྲོ་གླེང་འཛིན་གྲྭའི་སློབ་མས་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བསྔགས་བརྗོད་བྱས་པ།

    “ཀྲུང་གོའི་སྲོལ་རྒྱུན་གྱི་སྐྱེ་ཁམས་བློ་གྲོས་དེང་རབས་ཅན་གྱི་འཕེལ་རིམ་ནང་མཉམ་འདྲེས་ཀྱི་གསར་གཏོད་རླབས་པོ་ཆེ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཨན་ཆི།   |     སྤེལ་དུས།  2025-08-10

    འདི་ནི་བགྲོ་གླེང་འཛིན་གྲྭའི་སློབ་མས(གཡོན་གྱི་དང་པོ)ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅི་རྫོང་གི“སྨྱུག་མས་སྤོས་འགྱིག་གི་ཚབ་བྱེད་པའི”འགྲེམས་སྟོན་ལྟེ་གནས་སུ་སྨྱུག་མའི་ཐོན་རྫས་ཤེས་རྟོགས་བྱེད་བཞིན་པ།

    2005ལོའི་ཟླ་8པར། སྐབས་དེ་དུས་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅིའི་འགན་ཁུར་བཞིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅི་རྫོང་ཐེན་ཧོང་ཕིང་གྲོང་རྡལ་ཡུས་གྲོང་ཚོར་རྟོག་ཞིབ་གནང་སྐབས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”ཞེས་པའི་ཚན་རིག་དང་མཐུན་པའི་ཆོད་སྡོམ་ཐོག་མར་བཏོན་གནང་བ་རེད། ལོ་20ཡི་རིང་། དེ་སྔའི་གཏེར་དོང་དག་པད་ཁའི་མེ་ཏོག་བཞད་པའི་ཞིང་ཁ་དང་པད་མའི་རྫིང་བུར་གྱུར་པ་དང་གྲོང་མི་ཚོས་སྤྱིར་བཏང་གི་ས་ཆ་ཞིག་ནས་ཡུལ་ལྗོངས་ལྷག་པར་མཛེས་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བར་དང་དེ་ནས་ཐཱན་བསྡུས་དཔལ་འབྱོར་འཕེལ་རྒྱས་བར་སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་རྒྱས། མི་སེར་ཕྱུག་པ་བཅས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།

    ཉིན་ཤས་གོང་། ཀྲུང་གོའི་རྒྱལ་སྤྱིའི་ཤེས་རིག་འཕེལ་རྒྱས་ལྟེ་གནས་ཀྱིས་གཉེར་བའི་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲོས་འགོའི་པུའུ་རིམ་པའི་བགྲོ་གླེང་འཛིན་གྲྭའི་སློབ་མ་རྣམས་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་དུ་བརྟག་ཞིབ་བྱེད་པར་བསྐྱོད་དེ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཀྱི་ལག་ལེན་གྲུབ་འབྲས་མྱོང་ཚོར་ཐུབ་པར་བྱས་པ་རེད། ཨེ་ཅིབ་དང་། པོ་ཁི་ན་ཧྥ་སོ། ཀམ་པི་ཡ། ཀེ་རེན་ན་ཏ། ཐན་ཙན་ནི་ཡ་སང་ཙེ་པར། ཙན་པི་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་6ནས་ཡོང་བའི་སློབ་མ་22བརྟག་ཞིབ་ནང་ཞུགས་ནས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་དང་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་ལག་ལེན་ལ་དཔྱད་གཞིར་འཛིན་པའི་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱས་པ་རེད།

    “ཀྲུང་གོའི་ཤེས་དཔལ་འཛུགས་སྐྱོང་གི་གསོན་ཉམས་དོད་པའི་དཔེ་མཚོན”

    ཆུ་ཕྲན་ལྷུང་ལྷུང་དུ་འབབ། རི་བོ་སྨྱུག་གསར་གྱིས་རྒྱན། ལྗང་མདོག་གིས་རབ་ཏུ་རྒྱན་པའི་ཁྲོད་སྟར་པ་དང་སྟར་པ་བྱས་པའི་ཡུལ་མིའི་སྡོད་ཁང་དག་པིར་གྱིས་བྲིས་པ་ལྟར་ལྷག་པར་མཛེས། ཡུས་གྲོང་ཚོའི་གྲོང་གསེབ་ཀྱི་ལམ་ཆུང་དུ་འཆམ་འཆམ་ལ་འགྲོ་སྐབས། ཀེ་ལིན་ན་ཏ་དཔལ་འབྱོར་འཕེལ་རྒྱས་པུའི་རྒྱུན་ལས་དྲུང་ཡིག་མེ་ལི་ན·ཅེ་ས་སྨི་ཡིས་པར་རྒྱག་ཞོར་དུ“འདི་ནི་ངས་མཐོང་བའི་གྲོང་གསེབ་མཛེས་ཤོས་རེད”ཅེས་བཤད།

    ལོ་20ཡི་གོང་ཡུས་གྲོང་ཚོ་ནི་མཁའ་དབྱིངས་སུ་ཐལ་རྡུལ་གྱིས་ཁེངས་པ་དང་ཆུ་བོ་འདམ་རྫབ་ཀྱིས་ཁེངས་ཚུལ་ཐོས་རྗེས། ཨེ་ཅིབ་སྤྱི་ཚོགས་མཐུན་སྒྲིལ་པུའི་པུའུ་ཀྲང་དང་བློ་འདྲི་བ་ཨའོ་མར·ཨའེ་ཆི་དེ་གའི་འགྱུར་ལྡོག་ཆེན་པོར་ཧང་སངས་ཤིང་། ཀྲུང་གོ་སྲིད་གཞུང་གི་ཁོར་ཡུག་བཅོས་སྐྱོང་ཐད་ཀྱི་ཆོད་སེམས་ཆེ་བ་དང་ལས་དོན་སྤེལ་ཤུགས་ཆེ་བའི་མྱོང་ཚོར་ཟབ་མོ་བྱུང་ཡོད།“ཡུས་གྲོང་ཚོ་ནི་ཀྲུང་གོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད། ལྗང་མདོག་གིས་མཐུན་རྐྱེན་སྦྱར་བ་ལས་སྐྱེ་ཁམས་ཀྱི་རིན་ཐང་འདི་ཉིད་སྤུས་ཚད་མཐོ་བའི་སྟོབས་ནུས་ཆེན་པོ་ཞིག་ཏུ་གྱུར་ཡོད”ཙན་པི་ཡའི་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ས་ཁོངས་བསྡོམས་རྩིས་པ་ཁེན་ཉི་ཏི·ཆི་མུའུ་ཕ་ཡིས“སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་ཁུངས་ཀྱིས་ས་གནས་དེ་གའི་གྲོང་མིའི་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་པ་མ་ཟད། གྲོང་གསེབ་ཀྱི་ཡུལ་སྐོར་སོགས་ལའང་དགེ་མཚན་ལྡན་པའི་ཆ་རྐྱེན་བསྐྲུན་ཡོད། དེ་ནི་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད”ཅེས་བསྔགས་བརྗོད་བྱས།

    “ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་ལག་ལེན་ལ་དཔྱད་གཞིར་འཛིན་པའི་དོན་སྙིང་གལ་ཆེན་ལྡན་ཡོད”

    ཨན་ཅིར“ཀྲུང་གོའི་སྨྱུག་མའི་ཕ་ཡུལ”ཞེས་བརྗོད་ཅིང་། མུའུ་ཁྲི་100ཙམ་གྱི་སྨྱུག་མའི་ནགས་ཚལ་དང་སྨྱུག་མའི་ཐོན་ལས་ཁེ་ལས་1000ཙམ་ཡོད་པ་རེད། སྨྱུག་མས་སྤོས་འགྱིག་གི་ཚབ་བྱས་པ་དང་ཆབས་ཅིག་ཀྲུང་གོ་སྲིད་གཞུང་དང་རྒྱལ་སྤྱིའི་སྨྱུག་མའི་འཁྲི་ཤིང་རྩ་འཛུགས་ཀྱིས་2022ལོར་མཉམ་དུ“སྨྱུག་མས་སྤོས་འགྱིག་གི་ཚབ་བྱེད་པའི”གྲོས་འགོ་བཏོན་ཡོད། ཨན་ཅིས་གོ་སྐབས་དམ་འཛིན་བྱས་ནས་སྐྱེ་ཁམས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཡོད།

    ཨན་ཅིའི“གྲོང་ཚོའི་ཀོག་ཧྥེ་ཁང”300ལྷག་ཙམ་གྱིས་སྨྱུག་མའི་འཇིབ་སྦུག་མཁོ་འདོན་བྱེད་ཀྱི་ཡོད་པ་མ་ཟད། “སྨྱུག་མའི”འཚོ་བའི་མཁོ་ཆས་དང་སྨྱུག་མའི་གསོལ་ཆས་སོགས་ཨར་ཁང་དང་དམངས་སྲོལ་གནས་ཚང་ལ་ཁྱབ་གདལ་བཏང་ནས་རིམ་རྩིས་བརྒྱབ་ན་སྤྱོད་གཅིག་མའི་འཛད་གྲོན་དངོས་རྫས་ཆ་ཚང་ཁྲི་500ལྷག་ཙམ་ཉུང་དུ་བཏང་བ་སོགས་ལས་དོན་པའི་ངོ་སྤྲོད་ཉར་ཞོར་དུ་ཙན་པི་ཡ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་འཆར་འགོད་དཔོན་སུང་པའོ·ལི་ཁོ་ལཱ་ཡིས་ནན་ཏན་ངང་ཟིན་བྲིས་འགོད་ཀྱིན་འབྲེལ་ཡོད་འགན་འཁུར་བ་དང་འབྲེལ་གཏུག་ཁ་པར་ཨང་གྲངས་ཀྱང་བཞག་རེས་བྱས་ཡོད། “ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་ལག་ལེན་ལ་དཔྱད་གཞིར་འཛིན་པའི་དོན་སྙིང་གལ་ཆེན་ལྡན་ཡོད”ལི་ཁོ་ལཱ་ཡིས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་ཐད་ཀྱི་ཀྲུང་གོའི་འདུ་ཤེས་རང་རྒྱལ་ཁབ་ཏུ་ཁྱབ་གདལ་བཏང་ནས་ཙན་པི་ཡའི་རང་ངོས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་ལ་རམ་འདེགས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

    “གཞོན་ནུ་འཕེལ་རྒྱས་ཡོང་བར་མཐུན་རྐྱེན་སྦྱོར་བ་ནི་འབྱུང་འགྱུར་ལ་གོ་སྐབས་དེ་བས་མང་བ་སྐྲུན་ཆེད་ཡིན”

    ཏ་ཡུས་གྲོང་ཚོའི་གཞོན་ནུ་ཤེས་ལྡན་པའི་སྡེ་ཁུལ་དུ་སླེབས་སྐབས་ཐིག་རིས་གསལ་བ་དང་ཇུས་འགོད་ཐད་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཨར་སྐྲུན་ཞིག་མིག་མདུན་དུ་མངོན་བྱུང་། “འདི་གའི་ཇུས་འགོད་བྱེད་སྟངས་དེ་གྲངས་རིག་གི་འཛད་མེད་མཚོན་རྟགས་ཆེན་པོ‘∞’ལས་བྱུང་བ་ཡིན་ཞིང་། དེས་གཞོན་ནུ་ཚོར་རྫོགས་མེད་ཀྱི་རེ་བ་ཡོད་པ་མཚོན་གྱི་ཡོད་པ་གོ་ཐོས་བྱུང”ཞེས་ཅེ་ས་སྨི་ཡིས་ལག་ཐོགས་ཁ་པར་བླངས་ནས་ཏ་ཡུས་གྲོང་ཚོའི་གཞོན་ནུ་ཤེས་ལྡན་པའི་སྡེ་ཁུལ་གྱི་ས་རྟགས་དང་དྲན་རྟེན་པར་བརྒྱབ།

    2023ལོར་ཡུས་གྲོང་ཚོས་མཐའ་འཁོར་གྲོང་ཚོ་དང་མཉམ་འབྲེལ་བྱས་ཏེ་ས་ཞིང་དང་ཨར་སྐྲུན་སོགས་བེད་མེད་ཐོན་ཁུངས་སྨི་ངོས་གྲུ་ཁྲི་3.7ཟླ་སྒྲིལ་དང་བེད་སྤྱོད་བྱས་ནས་གཞོན་ནུའི་ལས་གཏོད་བར་མཐོངས་ཏེ“གཞོན་ནུ་འདུ་འཛོམས་ཁུལ”ཞེས་པ་བཏོད་ཡོད། ད་ཆ་དེ་གར་མཉམ་ལས་པ་དང་དཔལ་འབྱོར་རྣམ་གྲངས་གསར་པ་60ལྷག་ཙམ་འདུས་པ་དང་ལས་རྣམ་གསར་པ་དང་རྣམ་པ་གསར་པ་50ལྷག་ཙམ་ཐོན་ནས་ཏ་ཡུས་གྲོང་ཚོའི་གཞོན་ནུ་ཤེས་ལྡན་པའི་སྡེ་ཁུལ་གྱི་ལྟེ་བའི་འགོ་འཛུགས་ཁུལ་དུ་གྱུར་ཡོད། གཞོན་ནུ་ལས་གཏོད་ཚོགས་པ་དང་། ཕུན་སུམ་ཚོགས་པའི་ལས་རྣམ་གསར་པ། རང་བྱུང་ཁམས་དང་གཞི་གཅིག་ཏུ་འདྲེས་པའི་གཞུང་ལས་ཁོར་ཡུག་སོགས་གཞོན་ནུ་ཤེས་ལྡན་པའི་སྡེ་ཁུལ་འདི་ནས་ཚང་མས་ཡུས་གྲོང་ཚོའི་ཕྱོགས་གཞན་ཞིག་མཐོང་བྱུང་། ཅེ་ས་སྨི་ཡིས“འདི་གར་གཞོན་ནུ་ཚོའི་གསར་གཏོད་ལ་མཐོང་ཆེན་བྱེད་ཀྱི་ཡོད་པ་མ་ཟད། དགོས་མཁོ་བསྐངས་ནས་རིན་ཐང་ཡང་མངོན་ཐུབ་ཀྱི་ཡོད། འདུ་ཤེས་དེ་རིགས་ཀེ་ལིན་ན་ཏ་ཡིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།