ཟླ་བའི་གོ་ལའི་ངོས་བབས་འཕྲུལ་ཆས་འབབ་འཕུར་ཕྱོགས་བསྡུས་ཚོད་ལྟ་ལེགས་གྲུབ་བྱུང་བ།
ཟླ་8ཚེས་6ཉིན། ཟླ་བའི་གོ་ལའི་ངོས་བབས་འཕྲུལ་ཆས་འབབ་འཕུར་ཕྱོགས་བསྡུས་ཚོད་ལྟ་དེ་ཧོ་པེ་ཞིང་ཆེན་ཧོའེ་ལའེ་རྫོང་གི་ཚོད་ལྟ་ར་བར་ལེགས་གྲུབ་བྱུང་ཡོད། ད་ཐེངས་ཀྱི་ཚོད་ལྟ་ནི། རང་རྒྱལ་གྱིས་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཡོ་བྱད་སའི་གོ་ལ་ཕྱིའི་སྐར་མའི་གོ་ལར་འབབ་འཕུར་ཚོད་ལྟ་བྱེད་ཐེངས་དང་པོ་ཡིན་པས། ཚོད་ལྟའི་ལས་ཀའི་གོ་རིམ་མང་བ་དང་། ཚོད་ལྟའི་དུས་འཁོར་རིང་བ། ལག་རྩལ་གྱི་དཀའ་གནད་ཆེ་བ་བཅས་ཡོད་པ་མ་ཟད། རང་རྒྱལ་གྱི་མི་བཞུགས་ཟླ་དཔྱད་ལས་གྲྭའི་ཞིབ་བཟོའི་ལས་དོན་གྱི་འགག་རྩའི་མཚམས་ཚིགས་ཤིག་ཀྱང་རེད།
འདི་ནི་ཉིན་ཤས་གོང་སའི་གོ་ལ་ཕྱིའི་སྐར་མའི་གོ་ལར་འབབ་སའི་ཚོད་ལྟའི་ར་བར་ཟླ་བའི་གོ་ལའི་ངོས་བབས་འཕྲུལ་ཆས་ཚོད་ལྟ་བྱེད་པ།
འབྲེལ་ཡོད་གསར་འགྱུར།