དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན་རེད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཁྲང་ཡུས། ལི་ཀྲོར།   |     སྤེལ་དུས།  2025-08-10

    རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་བསྐྱར་དར་ཡོང་བར་དངོས་པོའི་དཔལ་ཡོན་གསོག་འཇོག་བྱེད་དགོས་ལ། བསམ་པའི་དཔལ་ཡོན་ཡང་གོང་དུ་འཕེལ་བར་བྱེད་དགོས།

    “རང་རྒྱལ་གྱི་ས་གཞི་ཆེན་པོའི་གང་སར་ཐོག་བརྩེགས་ཁང་ཆེན་འགྱིང་ངེར་གནས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱང་ཐོག་བརྩེགས་ཁང་ཆེན་དང་འདྲ་བར་བརྗིད་ཉམས་ལྡན་པའི་སྒོ་ནས་འགྱིང་ངེས་གནས་ཡོད”

    “ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་དཔུང་པ་མཉམ་གཤིབ་ཀྱིས་མདུན་དུ་སྐྱོད་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཞིག་རེད”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་དབར་གྱི་འབྲེལ་བའི་སྐོར་ལ་འགྲེལ་བཤད་གཏིང་ཟབ་ཐེངས་མང་བསྐྱོན་གནང་ཡོད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན་ཞིག་རེད། དངོས་པོ་འབེལ་བ་དང་བསམ་པ་ཕྱུག་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྩ་བའི་བླང་བྱ་ཡིན། དངོས་པོ་དབུལ་ན་སྤྱི་ཚོགས་རིང་ལུགས་མིན་ལ་བསམ་པ་དབུལ་ནའང་སྤྱི་ཚོགས་རིང་ལུགས་མིན”ཞེས་མཛུབ་སྟོན་གནང་ཡོད།

    རིག་གནས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་འཐབ་ཇུས་དམིགས་ཚད་ལ་གཞིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་བཏང་སྟེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རིག་གནས་རྨང་གཞི་བརྟན་དུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

    2023ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་སུའུ་ཀྲོའུ་རུ་རྟོག་ཞིབ་གནང་ཞིང་། དུས་རབས་གསར་པའི་སུའུ་ཀྲོའུ་ཡིས་སྤྱི་ཚོགས་ཀྱི་མི་ཆོས་རིག་གནས་དཔལ་འབྱོར་གྱི“ངོས་གཉིས་ལ་ཕར་ཆིན་བརྒྱབ་པའི་འཚེམ་དྲུབ་མ”ཞིག་བཤམས་ཏེ། ངོས་གཅིག་ནི་དཔལ་འབྱོར་དར་རྒྱས་བྱུང་བའི་རྣམ་པ་དང་། ངོས་གཞན་ཞིག་ནི་མི་ཆོས་རིག་གནས་དར་ཞིང་རྒྱས་པའི་རྣམ་པ་རེད། སྤྱི་ཁྱབ་ཧྲུའུ་ཅིས“འདི་གར་ལོ་རྒྱུས་རིག་གནས་རྒྱུན་འཛིན་བྱས་ཡོད་པ་མ་ཟད། ད་དུང་ཚན་རྩལ་མཐོ་བའི་གསར་གཏོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱང་ཡོད་པ་དེ་ཐོག་ནས་འབྱུང་འགྱུར་གྱི་འཕེལ་རྒྱས་ཁ་ཕྱོགས་མཚོན་གྱི་ཡོད”ཅེས་བསྔགས་བརྗོད་གནང་བ་རེད།

    དཔལ་འབྱོར་དང་རིག་གནས་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་སྐུལ་འདེད་གཏོང་བར་རང་རྒྱལ་གྱི་འཕེལ་རྒྱས་ལ་དེ་བས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་དང་དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་ལྡན་ཡོད།

    རིག་གནས་ནི་རྒྱལ་ཁབ་གཅིག་དང་མི་རིགས་ཤིག་གི་བླ་སྲོག་ལྟ་བུ་རེད་ལ། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་དར་རྒྱས་ཡོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་རེད།

    2023ལོའི་ཟླ་6པར། རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་རྒྱུས་རྒྱུན་འཛིན་ཡག་ཤོས་ནི་ལོ་རྒྱུས་གསར་པ་གཏོད་རྒྱུ་དེ་ཡིན་པ་དང་། མིའི་རིགས་ཀྱི་ཤེས་དཔལ་ལ་གུས་བཀུར་ཆེ་ཤོས་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་གཏོད་རྒྱུ་དེ་རེད”ཅེས་མཛུབ་སྟོན་གནང་ཡོད།

    དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཀྲུང་ཧྭའི་ཤེས་དཔལ་གྱི་རྨང་གཞི་གཏིང་ཟབ་མོའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་འཕེལ་རྒྱས་བཏང་སྟེ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་ནི་ལྡོག་མེད་ལམ་བུ་ཞིག་རེད།

    ཧྥུའུ་ཅན་ཝུའུ་དབྱི་ཧྲན་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གལ་ཏེ་ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་གི་ཤེས་དཔལ་མེད་ན། ཀྲུང་གོའི་ཁྱད་ཆོས་ཟེར་བ་གང་ན་ཡོད་དམ། གལ་ཏེ་ཀྲུང་གོའི་ཁྱད་ཆོས་མེད་ན། ང་ཚོའི་ད་ཆའི་གྲུབ་འབྲས་ཐོབ་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་འདི་གང་ན་ཡོད་དམ”ཞེས་མྱོང་ཚོར་ཟབ་མོས་གསུངས་ཡོད།

    ལོ་རྒྱུས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་གདེང་ཚོད་ནི་གཏིང་ཟབ་པའི་བསམ་གཞིག་ལས་བྱུང་བ་དང་། དེ་དག་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ནང་འདུས་ནས་དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་འཁུར་བར་སྟོབས་དང་ལྡན་པའི་བསམ་བློའི་མཚོན་ཆ་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིད་སྟོན་འོག ཀྲུང་ཧྭའི་རིག་གནས་དེ་དུས་རབས་ཀྱི་སྙིང་སྟོབས་རླབས་པོ་ཆེའི་ནང་མཉམ་འདྲེས་བྱུང་བ་དེར་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་ཉམས་བཟང་བཅས་དེ་བས་ལྡན་ཡོད།

    འཛམ་གླིང་ལ་རྒྱང་ལྟ་བྱེད་པ་ནས་འཛམ་གླིང་ལ་ཐད་ལྟ་བྱེད་པའི་བར། ཀྲུང་གོ་བའི་བློ་སྟོབས་དང་། ལ་རྒྱ། གདེང་ཚོད་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ད་ཆའི་ཀྲུང་གོའི་མི་དམངས་ལ་གདེང་ཚོད་དང་། རང་ཚུགས། རང་དར་བཅས་དེ་བས་ལྡན་པ་ལས། སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དང་ལོ་རྒྱུས་ཀྱི་གསར་གཏོད་སྙིང་སྟོབས་མངོན་ཡོད།

    འདི་ལོའི་ཟླ་བ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། བསམ་པའི་དཔལ་ཡོན་སྲོལ་གཏོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

    “ང་ཚོས་མི་དམངས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཁྱིམ་ཚང་ཚང་མར་ལྟོ་གོས་འདང་ངེས་ཡོང་བ་དང་མི་ཚང་མས་གུས་ལུགས་དང་གཟི་ཁྲེལ་གསལ་པོར་ཤེས་པ་བྱེད་དགོས”ཞེས་པ་དེ་ནི་མི་དམངས་ཀྱིས་རེ་འདོད་བྱེད་པའི་མཛེས་སྡུག་ལྡན་པའི་འཚོ་བ་རེད་ལ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་བརྗིད་ཉམས་ལྡན་པའི་ཁས་ལེན་ཡང་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།