ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཞལ་པར་ནས་བཀའ་མོལ་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
ཕུའུ་ཅིང་གིས་ཡུག་རེན་གྱི་ཉམས་ཉེན་གྱི་མིག་སྔའི་དུས་བབ་ལ་འཛིན་པའི་ཨུ་རུ་སུ་ཕྱོགས་ཀྱི་ལྟ་ཚུལ་དང་ཉེ་ཆར་ཨུ་རུ་སུ་དང་ཨ་རིས་འབྲེལ་གཏུག་སྤེལ་རེས་བྱས་པའི་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཆབ་སྲིད་ཐོག་ནས་ཉམས་ཉེན་ཐག་གཅོད་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་བཏོན་པར་ཨུ་རུ་སུ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ཨུ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་དུས་བབ་གང་འདྲ་ཞིག་འཕྲད་རུང་འགྱུར་ལྡོག་འགྲོ་མི་སྲིད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མུ་མཐུད་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་བ་དང་། རྙོག་འཛིང་ཆེ་བའི་གནད་དོན་ལ་ཐག་གཅོད་བྱེད་ཐབས་སྟབས་བདེ་ཞིག་མེད། དུས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཛིན་པའི་ལངས་ཕྱོགས་མཐའ་འཁྱོངས་དང་བར་འདུམ་མཐུན་འཇུག་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། ཨུ་རུ་སུ་དང་ཨ་རི་ཕྱོགས་གཉིས་པོས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་འབྲེལ་བ་ལེགས་སུ་བཏང་སྟེ། ཡུག་རེན་གྱི་ཉམས་ཉེན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་ཀྲུང་གོ་ཕྱོགས་ཀྱིས་མཐོང་འདོད་ཡོད་ཅེས་གསུངས་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨུའི་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དང་འཐབ་ཇུས་མཉམ་ལས་ལ་གདེང་འཇོག་ཧུར་ཐག་གནང་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད། ཕྱོགས་གཉིས་པོས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་ཏེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཐེན་ཅིན་དབུ་ཚོཌ་ཀྱི་གྲ་སྒྲིག་ཡག་པོ་བྱས་ཏེ། མཛའ་མཐུན་དང་། མཐུན་སྒྲིལ། གྲུབ་འབྲས་གཡུར་དུ་ཟ་བ་བཅས་ཀྱི་དབུ་ཚོགས་ཤིག་གཉེར་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།