ཟླ་བ་དྲུག་པའི་ཟླ་མཇུག་བར་བོད་ཀྱི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་གསོག་འབོར་སྒོར་དུང་ཕྱུར་9400ལྷག་ཙམ་ཟིན་པ།
ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི”བརྗོད་དོན་གཙོ་བོ་རབ་དང་རིམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་བཞི་པ་འཚོགས་པ་དང་གསར་འགོད་པར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་སྟོད་དུ། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་ལོར་སྲིད་ཇུས་ལྷུག་གཏོང་འོས་འཚམ་དང་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིས་དངུལ་རྩའི་ཞབས་ཞུར་རྒྱུན་ཆད་མེད་པར་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ཟླ་བ་དྲུག་པའི་ཟླ་མཇུག་བར། བོད་ཀྱི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་གསོག་འབོར་སྒོར་དུང་ཕྱུར་9447.29ཟིན་པ་དེ་དུས་མཚུངས་ལས་6.19%འཕར་བ་དང་རང་དངུལ་དང་ཕྱི་དངུལ་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་6568.2ཟིན་ནས་ལོ་འགོ་ལས་9.25%འཕར་ཡོད། ལོ་སྟོད་དུ། དངུལ་རྩའི་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་26.7%འཕར་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆའི་གྲངས་2.9འཕར་བར་སྐུལ་ཁྲིད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།