པུ་རུན་ཏིར་རོཌ་སྐྱོར་བྱེད་མཁན་ཀྲུང་གོའི་ཞིང་ལས་རིཌ་གཅིག་མཁས་ཅན་ཚོཌ་ཆུང་གིས་ས་གནས་དེར་རྒྱུད་འདྲེས་ཆུ་འབྲས་སྤྱི་ཆིང་3800འདེབས་རོགས་བྱས་པ།
“པུ་རུན་ཏིའི་ཞིང་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད”
འདི་ནི་པུ་རུན་ཏིར་རོཌ་སྐྱོར་བྱེད་མཁན་ཀྲུང་གོའི་ཞིང་ལས་རིཌ་གཅིག་མཁས་ཅན་ཚོཌ་ཆུང་གི་ཙུའུ་ཀྲང་་དབྱང་ཧྭ་ཏེ་ཡིས(གཡོན)ཞིང་ནང་དུ་ཡུལ་དེའི་འདེབས་འཛུགས་དུད་ཚང་ལ་ཆུ་འབྲས་འདེབས་འཛུགས་ལག་རྩལ་འགྲེལ་བཤད་རྒྱག་བཞིན་པ།
ལོ་ལེགས་ཀྱི་དུས་ཚིགས་འཆར་བས། པུ་རུན་ཏི་པུ་ཅུམ་པུ་རུའི་གྲོང་གསེབ་ཞིང་ཆེན་ལུའུ་ཁཱ་ལ་མུ་གསར་སྦོལ་ཁུལ་གྱི་རྒྱུད་འདྲེས་ཆུ་འབྲས་དབུལ་པོ་ཉུང་གཏོང་དཔེ་སྟོན་གྲོང་ཚོའི་གྲོང་མི་ཚོར་སྤྲོ་སྣང་ཚད་མེད་སྐྱེས།
“ལྗིད་ཏིག་ཏིག་གི་མགོ་བོ་དུད་པའི་སྙེ་མ་དེ་དག་ལ་བལྟས་ན་མགྱོགས་པོ་སྨིན་ས་རེད”ལོ་30ལ་སླེབས་པའི་ཧྥུ་སི་ཐན·ཨེན་ཏ་ཡེ་ཤིན་ཅ་དང་འཕྲད་སྐབས་ཁོང་གིས་རང་ཁྱིམ་གྱི་འབྲས་ཞིང་དུ་ཆུ་འབྲས་སྐྱེ་འཚར་ལ་ལྟ་བཞིན་འདུག ཨེན་ཏ་ཡེ་ཤིན་ཅ་ཡིས་གསར་འགོད་པར“ད་ལོ་ངས་རྒྱུད་འདྲེས་ཆུ་འབྲས་སྤྱི་ཆིང་2བཏབ་པ་ཡིན། ཚོད་དཔག་རགས་ཙམ་བྱས་ན་སྤྱི་ཆིང་རེ་ནས་འབྲས་སོབ་ཏུན་10རེ་ཐོན་ཐུབ། དེ་ནི་ཀྲུང་གོའི་རིགས་གཅིག་མཁས་ཅན་མ་ཡོང་གོང་ལ་ཡིན་ན་རྦད་དེ་བསམ་ཡུལ་ལས་འདས་པ་ཞིག་རེད”ཅེས་ངོ་སྤྲོད་བྱས། ལོ་གསུམ་གོང་ཨེན་ཏ་ཡེ་ཤིན་ཅ་ཡིས་རྒྱུད་འདྲེས་ཆུ་འབྲས་འདེབས་འགོ་བརྩམས་པ་དང་ད་ཆ་ཁོང་གིས་ཁང་པ་གསར་པ་བརྒྱབ་པ་མ་ཟད། ད་དུང་སྒོ་ཕྱུགས་མི་ཉུང་བ་ཞིག་གསོས་ཡོད།“ཀྲུང་གོའི་རིགས་གཅིག་མཁས་ཅན་གྱི་རོགས་རམ་འོག ཞིང་པ་དེ་བས་མང་བ་འདེབས་འཛུགས་མཁས་པར་འགྱུར་བཞིན་ཡོད”ཅེས་ཨེན་ཏ་ཡེ་ཤིན་ཅ་ཡིས་བརྗོད།
ངོ་སྤྲོད་བྱས་པར་གཞིགས་ན། 2020ལོ་ནས་བཟུང་ཀྲུང་གོའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་པུ་རུན་ཏིའི་པུའུ་པན་ཀྲ་ཞིང་ཆེན་ལིན་ཀེ་གྲོང་ཚོ་བཞི་པར“ཐོན་སྐྱེད་རང་བཞིན་གྱི་མ་འཇོག་ཐེབས་རྩའི”ཐོག་ནས་རྒྱུད་འདྲེས་ཆུ་འབྲས་འདེབས་འཛུགས་ཁྱབ་གདལ་གཏོང་བའི་རྣམ་པ་ཐོག་མར་སྤྱད་ཅིང་། ཐེབས་རྩ་དེས་ཞིང་དུད་ལ་དུས་ཚིགས་རྗེས་མའི་ཐོན་སྐྱེད་ལ་མཁོ་བའི་ས་བོན་དང་། རྫས་ལུད། ཞིང་སྨན་སོགས་དུས་ཐོག་ཏུ་གྲ་སྒྲིག་བྱེད་རོགས་བྱེད་ཐུབ་ཀྱི་ཡོད། ཐོན་སྐྱེད་བྱེད་སྟངས་དེས་གྲོང་ཚོ་དེའི་དུད་ཚང་134ཡི་མི་1072ཚང་མ་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དང་། དེ་རྗེས་བྱ་ཐབས་དེ་པུ་རུན་ཏིའི་དབུལ་པོ་ཉུང་གཏོང་གི་དཔེ་སྟོན་གྲོང་ཚོ་56ལ་གྲུབ་འབྲས་ཐོབ་པའི་ངང་ཁྱབ་གདལ་བཏང་ཡོད། པུ་རུན་ཏི་སྲིད་གཞུང་གིས“པུ་རུན་ཏིར་རོགས་སྐྱོར་བྱེད་མཁན་ཞིང་ལས་ཚོགས་ཆུང་གི་ཆུ་འབྲས་ཐོན་འབབ་མཐོ་བའི་ལག་རྩལ་ལ་བརྟེན་ནས་པུ་རུན་ཏིའི་དབུལ་པོ་ཉུང་གཏོང་ལ་རོགས་རམ་བྱེད་པ”དེ་རྒྱལ་ཁབ་ཀྱི་ཞིང་ལས་འཕེལ་རྒྱས་འཆར་འགོད་ནང་བཅུག་ཡོད་པ་རེད།
“ཀྲུང་གོའི་རིགས་གཅིག་མཁས་ཅན་སླེབས་པས་པུ་རུན་ཏིའི་ཞིང་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད”པུ་རུན་ཏིའི་ཞིང་ལས་དང་འབྲོག་ལས་པུའི་པུའུ་ཀྲང་ཕུའུ་ལུའོ་སི་པོ·ཏུའོ་ཏི་ཁོ་ཡིས་པུ་རུན་ཏིར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་མཐོ་རིམ་ཞིང་ལས་རིགས་གཅིག་མཁས་ཅན་གྱི་ལག་རྩལ་མཉམ་ལས་རྣམ་གྲངས་ལས་པུ་རུན་ཏིའི་ཆུ་འབྲས་ཐོན་འབབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་མ་ཟད། ད་དུང་ཞིང་ལས་ལག་རྩལ་གྱི་རྐང་འཛིན་ཁག་གཅིག་གསོ་སྐྱོང་བྱས་པས་པུ་རུན་ཏིའི་ཞིང་ལས་རང་བདག་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་ཕྱིན་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།