དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རུ་ཝང་ཏའི་ཙུང་ཐུང་གིས་བརྗོད་དོན།

    རུ་ཝང་ཏ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོཌ་དང་དངོས་སྒྲུབ་མཉམ་ལས་ཟབ་ཏུ་འགྲོ་བའི་རེ་སྒུག་བྱེད་ཀྱི་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-08-09

    ཉེ་ཆར། རུ་ཝང་ཏའི་ཙུང་ཐུང་ཁཱ་ཅ་མེ་ཡིས་རྒྱལ་ས་ཁི་ཀ་ལིར་ཀྲུང་གོ་ནི་རུ་ཝང་ཏའི་བློས་འགེལ་ཆོག་པའི་གྲོགས་པོ་ཡག་པོ་ཡིན་པས། རུ་ཝང་ཏ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་དང་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    ཁཱ་ཅ་མེ་ཡིས་དེ་ཉིན་རུ་ཝང་ཏར་བཅའ་སྡོད་གསར་དུ་བསྐོ་གཞག་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀའོ་ཝུན་ཆི་ཡིས་ཕུལ་བའི་རྒྱལ་ཡིག་དང་ལེན་བྱེད་སྐབས་རུ་ཝང་ཏ་ཕྱོགས་ཀྱིས་གཞུང་ཚབ་ཆེ་མོ་བས་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་ཤུགས་ཆེན་དང་མཛའ་མཐུན་གཞོགས་འདེགས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།