དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧིན་རྡུ་ཉི་ཞི་ཡའི་འགྲིམ་འགྲུལ་པུའུ་ཀྲང་གིས་པ་ལི་གླིང་ཕྲན་གྱི་མྱུར་གྲུ་མགོ་རྟིང་ལོག་པའི་དོན་རྐྱེན་ལ་དགོངས་དག་ཐུགས་བདེན་ཞུས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-08-09

    ཚེས་6ཉིན། ཧིན་རྡུ་ཉི་ཞི་ཡའི་འགྲིམ་འགྲུལ་པུའུ་ཀྲང་ཏུའུ་ཏི·ཕུར་ཝ་ཀན་ཏིས་གསལ་བསྒྲགས་སྤེལ་ནས་ཚེས་5ཉིན་བྱུང་བའི་པ་ལི་གླིང་ཕྲན་གྱི“མཚོ་ཕག་ཨང་2པའི”མྱུར་གྲུ་མགོ་རྟིང་ལོག་པའི་དོན་རྐྱེན་ཐད་སྲིད་གཞུང་གི་ཚབ་ཞུས་ནས་དགོངས་དག་ཐུགས་བདེན་ཞུས་པ་མ་ཟད། དེ་དོན་འཕྲལ་དུ་ཐག་གཅོད་དང་ཚོད་སྐོར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    གསལ་བསྒྲགས་ནང་། ཏུའུ་ཏིས་འབྲེལ་ཡོད་ཕྱོགས་ལ་མྱུར་གྲུ་མགོ་རྟིང་ལོག་པའི་དོན་རྐྱེན་ཐད་མགྱོགས་མྱུར་བྱ་སྤྱོད་སྤེལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    དོན་རྐྱེན་དེའི་ནང་ཀྲུང་གོའི་སྤྱི་དམངས་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གྲུ་པ་གཅིག་གར་སོང་ཆ་མེད་དུ་གྱུར་བ། འགྲུལ་པ་73དང་གྲུ་པ་4སྐྱོབ་ཐུབ་ཡོད། ཚེས་6ཉིན་གྱི་ཕྱི་དྲོ་གར་སོང་ཆ་མེད་དུ་སོང་བའི་གྲུ་པའི་ཕུང་པོ་རྙེད་པ་རེད།

    ཏེང་པ་སར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་དེ་གོང་བསྡོམས་རྩིས་རགས་ཙམ་བྱས་པ་བརྒྱུད། གྲུ་གཟིངས་ཐོག་ཁྱོན་ཀྲུང་གོའི་སྤྱི་དམངས་8ཡོད་པའི་ཁྲོད་མི་2རྐྱེན་ལམ་དུ་ཤོར་བ་དང་། མི་3ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་བསྐྱལ་བ། དེ་བྱིངས་ཀྱི་མི་3ལ་རྨས་སྐྱོན་ཅུང་ཟད་ལས་ཕོག་མེད་པ་རེད། དོན་རྐྱེན་ཐོན་རྗེས། སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་འཕྲལ་མར་འཕྲལ་སྡོམ་ལམ་སྲོལ་ལག་བསྟར་བྱས་ནས་ཧིན་རྡུ་ཉི་ཞི་ཡའི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་སྤྱི་དམངས་ཀྱི་ཤི་རྨས་གནས་ཚུལ་ཞིབ་དཔྱད་བྱས་ནས་སྨན་ཁང་དུ་ཡོད་པའི་རྨས་མར་འཚམས་འདྲི་བྱེད་པར་བསྐྱོད་པ་མ་ཟད། འདས་པོའི་རྗེས་འཇུག་ལས་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་རེད། སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཧིན་རྡུ་ཉི་ཞི་ཡའི་ཀྲུང་གོའི་སྤྱི་དམངས་ལ་མཚོ་ཐོག་གནས་ཚུལ་གྱི་ཆ་འཕྲིན་ལ་དོ་ཁུར་དང་ཕྱིར་སྐྱོད་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།