དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧན་གོས་ཟླ་9པའི་ཟླ་མཇུག་ནས་བཟུང་ཀྲུང་གོའི་ཡུལ་སྐོར་ཚོགས་པའི་མགྲོན་པོར་ཐོངས་མཆན་མི་དགོས་པའི་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-09

    ཚེས་6ཉིན། ཧན་གོའི་རྒྱལ་དོན་ཙུང་ལི་ཅིན་མིན་ཤིས་ཀྱིས་ད་ལོའི་ཟླ་9ཚེས་29ཉིན་ནས་སང་ལོའི་ཟླ་6ཚེས་30ཉིན་བར་ཧན་གོ་སྲིད་གཞུང་གིས་ཀྲུང་གོའི་ཡུལ་སྐོར་ཚོགས་པའི་མགྲོན་པོར་གནས་སྐབས་རང་བཞིན་གྱི་རྒྱལ་ཁོངས་སུ་འཛུལ་བར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཧན་གོ་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། ཉིན་དེར་ཅིན་མིན་ཤིས་ཀྱིས་ཡུལ་སྐོར་སྐུལ་སློང་གི་སྲིད་ཇུས་ཚོགས་འདུ་འཚོགས་པ་མ་ཟད། གཏན་འབེབས་དེའང་ཁྱབ་བསྒྲགས་བྱས་པ་རེད། ཧན་གོ་སྲིད་གཞུང་གིས་ད་ཐེངས་ཀྱི་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་ལེན་བསྟར་རྗེས་སྔོན་དཔག་བྱས་ན་ཡུལ་སྐོར་བ་ཧན་གོར་འགྲོ་བའི་དགོས་མཁོ་སྔར་བས་ཆེ་རུ་ཕྱིན་ནས་ས་གནས་ཀྱི་དཔལ་འབྱོར་ལ་སྐུལ་ཁྲིད་དང་ནང་མཁོར་ངོ་བོའི་རང་བཞིན་གྱི་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བརྗོད།

    ཉིན་དེར་ཧན་གོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཏའེ་པིང་གིས་འབྲེལ་ལམ་སྨྱན་སྦྱོར་ཐོག་ཧན་གོ་ཕྱོགས་ཀྱིས་ཟླ་9པའི་ཟླ་མཇུག་ནས་བཟུང་ཀྲུང་གོའི་ཡུལ་སྐོར་ཚོགས་པའི་མགྲོན་པོར་ཐོངས་མཆན་མི་དགོས་པ་ཁྱབ་བསྒྲགས་བྱས་པ་དེ་ཧན་གོར་འགྲོ་མཁན་གྱི་ཀྲུང་གོའི་ཡུལ་སྐོར་བའི་ངོས་ནས་བརྗོད་ན་གཏམ་བཟང་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ན་ནིང་གི་ཟླ་11པ་ནས་བཟུང་ཧན་གོར་ཕྱོགས་རྐྱང་པའི་ཐོངས་མཆན་མི་དགོས་པའི་ཚོད་ལྟ་བྱས་པ་དང་། གྲངས་གཞི་ལས་མངོན་པར་གཞིགས་ན། དེ་རྗེས་ཀྲུང་གོ་དང་ཧན་གོའི་དབར་མི་འགྲོ་འོང་བྱེད་ཚད་མགྱོགས་མྱུར་འཕར་ཡོད། ཀྲུང་ཧན་ནི་ཕན་ཚུན་ཁྱིམ་མཚེས་ཡིན་པས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་རྒྱུན་དུ་ཕར་འགྲོ་ཚུར་འོང་བྱས་ཚེ། ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་འགྲོ་བར་ཕན་ཐོགས་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།