དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་གློག་དྲའི་གློག་སྤྱོད་ཐེག་ཚད་ཉིན་གསུམ་བསྟུད་མར་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-09

    གསར་འགོད་པས་རྒྱལ་ཁབ་གློག་དྲ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཁྱབ་ཁོངས་ཆེན་པོར་དྲོད་ཚད་མཐོ་བ་དང་བརླན་ཚད་ཆེ་བའི་གནམ་གཤིས་བསྟན་པའི་དབང་གིས་དྲ་བ་ཡོངས་ཀྱི་གློག་སྤྱོད་ཚད་མུ་མཐུད་མཐོ་རུ་ཕྱིན་ཡོད། ཟླ་8ཚེས་4ཉིན་ནས་ཚེས་6ཉིན་བར། རྒྱལ་ཁབ་གློག་དྲ་གཉེར་སྐྱོང་ཁུལ་གྱི་གློག་སྤྱོད་ཐེག་ཚད་ཉིན་གསུམ་བསྟུད་མར་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ནས་ཐེག་ཚད་མཐོ་ཤོས་ཆན་ཝ་དུང་ཕྱུར་12.33ཟིན་པ་དེ་ན་ནིང་གི་ཆན་ཝ་དུང་ཕྱུར་11.80གྱི་ཐེག་ཚད་མཐོ་ཤོས་ལས་ཆན་ཝ་ཁྲི་5300འཕར་ཡོད།

    འདི་ལོའི་དབྱར་ཁ་ཤར་ཚུན། རྒྱལ་ཡོངས་སུ་གློག་སྤྱོད་ཐེག་ཚད་ཀྱི་ཟིན་ཐོ་མཐོ་ཤོས་ཐེངས་4བཏོད་པ་དང་རྒྱལ་ཁབ་གློག་དྲའི་གློག་སྤྱོད་ཐེག་ཚད་ཀྱི་ཟིན་ཐོ་མཐོ་ཤོས་ཐེངས་5བཏོད་ཡོད། ད་ཐེངས་ཀྱི་གློག་སྤྱོད་ཚད་མཐོ་ཤོས་ལ་ཁ་གཏད་གཅོག་ཆེད། རྒྱལ་ཁབ་གློག་དྲས་གློག་དྲ་ཡོངས་ཀྱི་ཐོན་ཁུངས་སྤྱི་འདོམས་བཀོད་སྒྲིག་བྱས་ནས། ཐོན་སྐྱེད་སྒྲིག་འཛུགས་ཀྱི་བཀོད་སྒྲིག་རིམ་བཞིན་ལེགས་སུ་བཏང་བ་དང་། ཆེས་མཐོ་གནོན་གློག་དྲའི་ཐོན་ཁུངས་བཀོད་སྒྲིག་ལེགས་ཆ་དང་ཆད་ལྷག་གསབ་རེས་ཀྱི་ནུས་པ་བཏོན་པས། རྒྱལ་ཁབ་གློག་དྲས་ས་ཁུལ་དང་ཞིང་ཆེན་བསྒྲལ་ནས་གློག་གཏོང་ཤུགས་ཆེ་ཤོས་ཆན་ཝ་དུང་ཕྱུར་2.25ཟིན་ཡོད།

    རྒྱལ་ཁབ་གློག་དྲའི་འགན་འཁུར་བས། གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་དམ་ཟབ་བྱས་ནས་མཁོ་སྤྲོད་དོ་མཉམ་གྱི་དུས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་། རྡོ་སོལ་གློག་ཤུགས་འཕྲུལ་ཚན་སྒོ་ཕྱེ་དགོས་རིགས་སྒོ་ཕྱེ་བ་དང་གཏོང་དགོས་རིགས་གཏོང་བར་ལྟ་སྐུལ་མཛུབ་ཁྲིད་བྱེད་པ། ས་ཁུལ་དང་ཞིང་ཆེན་བསྒྲལ་བའི་ཆད་ལྷག་གསབ་རེས་ཡག་པོ་བྱེད་པར་སྤྱི་འདོམས་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་གློག་ཤུགས་བདེ་འཇགས་དང་བློས་འགེལ་ཆོག་པའི་མཁོ་སྤྲོད་འགན་ལེན་བྱེད་ཀྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།