ཁུར་པོ་ཡང་གཏོང་ལ་མཐུན་རྐྱེན་སྦྱར་ནས་འགན་འཁྲི་འཁུར་བར་སྐུལ་འདེད་གཏོང་དགོས།
ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གཏན་འབེབས་འགའ་ཞིག》བཀྲམ་པ་དེ་ནི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཐོག་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལམ་ལུགས་ཀྱི་ཚད་གཞི་བཟོ་ཐེངས་དང་པོ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ཏེ་ཆོག་མཆན་སྤྲད་པ་ནས་ད་ཆ་གཏན་འབེབས་ཆ་ཚང་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་པའི་བར། རང་རེའི་ཏང་གིས་རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”དག་ཐེར་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་རྣམ་འགྱུར་གསལ་པོ་དང་ཆོད་སེམས་བརྟན་པོ་མངོན་ཡོད།
གཞི་རིམ་ནི་དོན་འཁྱོལ་ལ་དམ་འཛིན་བྱེད་པའི“མཐའ་མའི་འགག་གནད”ཡིན་པས། ཁུར་པོ་ཡང་དུ་གཏོང་དགོས་རིགས་ཡང་དུ་བཏང་ན་ད་གཟོད་འཁུར་དགོས་ངེས་ཀྱི་འགན་འཁྲི་གང་ལེགས་འཁུར་ཐུབ། ཉེ་བའི་ལོ་ཤས་རིང་། “གཞི་རིམ་གྱི་ཁུར་པོ་ཡང་གཏོང་ལོ”གཏན་འཁེལ་བྱས་པ་ནས“སོར་རྩེའི་ཕྱི་ཚུལ་རིང་ལུགས”འགོག་བཅོས་དང་གཞི་རིམ་གྱི“མིང་བྱང་གང་བྱུང་དུ་སྦྱར་བའི”གནད་དོན་བཅོས་སྒྲིག་བྱེད་པ་ལ་སོགས་བར་གཞི་རིམ་གྱི་ཁུར་པོ་རྒྱུན་མཐུད་ཡང་དུ་གཏིང་ཟབ་བཏང་སྟེ། གཞི་རིམ་ལས་བྱེད་པར་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དུས་ཚོད་དང་ནུས་ཤུགས་དེ་བས་མང་བ་ལྡན་པར་བྱས་པས། གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་དང་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་ནུས་ལྡན་ཕྱིན་ཡོད།
ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་ངན་རེངས་མཁྲེགས་གསུམ་གྱི་གཅོང་ནད་ལ་དམིགས་ཏེ་འབེན་གཏད་བཅོས་ཐབས་བྱེད་པ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་རགས་ཆེན་རྒྱུན་མཐུད་བརྟན་དུ་བཏང་སྟེ་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བར་སྣེ་ཁྲིད་བྱེད་དགོས།
གནད་དོན་ཕྱོགས་སྟོན་དུ་འཛིན་ཤུགས་ཆེ་རུ་གཏོང་བ་དང་གནད་དོན་གང་ཞིག་མངོན་གསལ་དོད་ཚེ་དེ་གཙོ་གནད་དུ་ཐག་གཅོད་བྱེད་པ་མ་ཟད། སྙིང་རུས་གཏན་འཁྱོངས་མཐའ་འཁྱོངས་ཀྱིས་གཞི་རིམ་གྱི་ཁུར་པོ་རྒྱུན་མཐུད་ཡང་དུ་བཏང་ཚེ། ང་ཚོས་སྤྱོད་ཚུལ་བཟང་པོར་བརྟེན་ནས་ཕན་ནུས་ལྡན་པའི་བྱ་བ་མང་ཙམ་སྒྲུབ་པ་དང་གྲུབ་འབྲས་དངོས་དང་ཕན་འབྲས་དངོས་ལ་བརྟེན་ནས་མི་དམངས་ལ་ཕན་བདེ་སྐྲུན་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།