དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་དངོས་ཐོན་ཁུངས་སླར་གསོ་ཡག་པོ་བྱུང་བ།

    ཉ་རིགས་ཆེན་པོ་བཞིའི་ཉ་སྒོང་ཐོན་ཁུངས་ཀྱི་གྲངས་འབོར་2020ལོའི་ལྡབ་6.2ཡིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-09

    ཉེ་ཆར། ཞིང་ལས་གྲོང་གསེབ་པུའུ་སོགས་སྡེ་ཚན་གྱིས《འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་དངོས་ཐོན་ཁུངས་དང་སྐྱེ་ཁམས་སྐོར་གྱི་སྤྱི་བསྒྲགས(2024ལོ)》ཁྱབ་བསྒྲགས་བྱས་པ་རེད། སྤྱི་བསྒྲགས་ལས་མངོན་པར། འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་དངོས་ཐོན་ཁུངས་སྤྱི་ཡོངས་ནས་སླར་གསོ་ཡག་པོ་བྱུང་ཡོད་པ་རེད།

    2024ལོར་འབྲི་ཆུའི་ཆུ་གཞུང་ཨ་མ་ཚན་པར་བྱས་པའི་ཐོན་ཁུངས་ཀྱི་གྲངས་འབོར་ཆན་ཁེ་2.3ཡིན་པ་དེ་2023ལོ་ལས་9.5%འཕར་ཡོད། ཉ་རིགས་ཆེན་པོ་བཞི་ཡི་འབྲི་ཆུའི་དབུས་རྒྱུད་ཀྱི་ཉ་སྒོང་ཐོན་ཁུངས་ཀྱི་གྲངས་འབོར་དུང་ཕྱུར་83.2ཡིན་པ་དེ་ཉ་རྒྱ་མ་བསྡམས་གོང་གི་2020ལོའི་ལྡབ་6.2ཡིན་པ་རེད།

    2024ལོར་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་གྱི་སྟོན་གྲངས་མུ་མཐུད་མཐོ་རུ་ཕྱིན་ཞིང་། ཁྲི་ཧྲུའེ་གཙང་པོའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་གྱི་སྟོན་གྲངས་གདེང་འཇོག་རིམ་པ་ནི་ལོ་3བསྟུད་མར“ལེགས”གྲས་སུ་སླེབས་ཡོད་པ་རེད།

    སྐྱེ་དངོས་སྣ་མང་རང་བཞིན་གྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་སོང་བ་སྟེ། 2021ལོ་ནས་2024ལོ་བར་རིམ་རྩིས་བརྒྱབ་ན་འབྲི་ཆུའི་འབབ་རྒྱུད་དུ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་ཡུལ་དེ་རང་གི་ཉ་རིགས་344ཤེས་རྟོགས་བྱུང་བ་དེ། ཉ་རྒྱ་མ་བསྡམས་གོང(2017ལོ་ནས་2020ལོ་བར)ལས་ཉ་རིགས་36མང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།