དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲང་ཧའེ་ཡིས་ལས་ཞུགས་ཚོགས་སྤྱི་གསར་པར་མཛའ་མཐུན་ཞབས་ཞུའི་ས་ཚིགས་བདུན་སྟོང་ལྷག་ཙམ་བསྐྲུན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-09

    གསར་འགོད་པར་ཧྲང་ཧའེ་གྲོང་ཨུད་སྤྱི་ཚོགས་ལས་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ན་ནིང་ཟླ་11པར་ཧྲང་ཧའེ་གྲོང་ཨུད་སྤྱི་ཚོགས་ལས་དོན་པུས“མི་དམངས་ཀྱི་གྲོང་ཁྱེར། ཁུལ་ཁོངས་ཡོངས་ཀྱི་མཛའ་མཐུན”གཏོད་འགོ་ཚུགས་ཏེ། མཛའ་མཐུན་ས་ཚིགས་མ་ལག་དང་། མཛའ་མཐུན་ཐོན་ཁུངས་མ་ལག མཛའ་མཐུན་མཛུབ་སྟོན་མ་ལག་སོགས་བཏོད་པ་བརྒྱུད། མཛའ་མཐུན་རྣམ་པ་འཛུགས་སྐྱོང་ཏན་ཏིག་ཐུབ་པར་བྱས་ནས་ལས་ཞུགས་ཚོགས་སྤྱི་གསར་པའི་ཐོབ་སྣང་དང་མཉམ་འདྲེས་ཚོར་སྣང་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    ཧྲང་ཧའེ་ཡིས་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་དེ་ས་ཚིགས་གཙོ་བོར་བརྩིས་ནས། མང་ཚོགས་ཚོགས་པའི་རྩ་འཛུགས་དང་སྤྱི་ཚོགས་ཀྱི་ཐོན་ཁུངས་སྣ་ཚོགས་སྡེབ་སྒྲིལ་གཏིང་ཟབ་བྱེད་པ་དང་། ལས་ཞུགས་ཚོགས་སྤྱི་གསར་པའི“ལས་ཀ་བྱེད་ས”དང་། “སྡོད་ས”“ངལ་གསོ་རྒྱག་ས”བཅས་དང་བསྟུན་ནས་རིམ་རྩིས་བརྒྱབ་ན་མཛའ་མཐུན་ཞབས་ཞུའི་ས་ཚིགས་7395བསྐྲུན་ཡོད། ལས་ཞུགས་ཚོགས་སྤྱི་གསར་པས་མཛའ་མཐུན་ས་ཚིགས་སུ་ངལ་གསོ་བརྒྱབ་ནས་གཟིགས་སྐྱོང་བཟའ་བཏུང་ལོངས་སུ་སྤྱོད་ཆོག་པ་མ་ཟད། སྨན་བཅོས་དང་། བཅའ་ཁྲིམས་རོགས་སྐྱོར། ལས་ཞུགས་མཛུབ་སྟོན་སོགས་ཀྱི་ཞབས་ཞུའང་ལོངས་སུ་སྤྱོད་ཆོག

    འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་ཀྱང་བྱེད་ཐབས་གསར་པ་ཁག་གཅིག་བཏོན་ཡོད་དེ། ཧྲང་ཧའེ་གྲོང་ཨུད་འགྲིམ་འགྲུལ་ཨུ་ལྷན་དང་། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས། གྲོང་ཁྱེར་ཁྲིམས་འཛིན་ཅུས་བཅས་ཀྱིས་དྲ་འབོད་གླ་འཁོར་གྱི་ཁ་ལོ་བ་དང་ཟོག་འཁོར་གྱི་ཁ་ལོ་བར་དམིགས་པའི་བཅའ་ཁྲིམས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་དང་། ཧྲང་ཧའེ་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱིས་ཧྲང་ཧའེ་གྲོང་ཁྱེར་མྱུར་སྐྱེལ་ལས་རིགས་ཀྱི་ཁག་དང་པོའི“མྱུར་སྐྱེལ་གཅེས་སེམས་ཁུལ”ཞེས་པའི་ཞབས་ཞུའི་ས་ཚིགས་22བཙུགས་ཡོད། ཞབས་ཞུའི་ས་ཚིགས་དེ་དག་གིས་མྱུར་སྐྱེལ་ཁེ་ལས་ཀྱི་བར་བརྒྱུད་ལྟེ་གནས་དང་ཞབས་ཞུའི་དྲ་ཚིགས་ལ་བརྟེན་ནས་ས་ཚིགས་ཕྱི་ནང་གི་མྱུར་སྐྱེལ་བ་སོགས་ལས་ཞུགས་ཚོགས་སྤྱི་གསར་པར་དམིགས་ནས་སྒོ་ཕྱེ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།