དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་སྤྱི་གཉེར་བ་གསོ་སྐྱོང་གི་བགྲོ་གླེང་ཚོགས་འདུ་འཚོཌ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-09

    ཉིན་ཤས་གོང་། ཞིང་ལས་གྲོང་གསེབ་པུའུ་མི་ཤུགས་ཐོན་ཁུངས་གསར་སྤེལ་ལྟེ་གནས་ཀྱིས་པེ་ཅིང་དུ་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་སྤྱི་གཉེར་བ་གསོ་སྐྱོང་གི་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་བསྟན་དོན། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་སྤྱི་གཉེར་བའི་ལས་རིགས་ཀྱི་ཚད་གཞི་སོགས་གསར་སྤེལ་བྱེད་མགྱོགས་སུ་བཏང་ནས། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་སྤྱི་གཉེར་བ་གསོ་སྦྱོང་གིས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་སྤྱི་གཉེར་བའི་དཔུང་ཁག་གསོ་སྐྱོང་བྱེད་པའི་སྲིད་ཇུས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པ་འཕེལ་རྒྱས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བར་ཤེས་ལྡན་པའི་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

    གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་སྤྱི་གཉེར་བ་ཞེས་པ་ནི་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པ་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་ཆེད། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་མངགས་བཅོལ་ལྟར་ཐོན་ཁུངས་འགན་གཙང་སྤྲོད་པ་དང་། སྡེ་ལས་བོགས་མར་གཏོང་བ། བར་སྡོད་ཞབས་ཞུ། ཚོང་གཉེར་རང་བཞིན་གྱི་རྒྱུ་ནོར་གཉེར་སྐྱོང་སོགས་དཔལ་འབྱོར་གྱི་བྱེད་སྒོ་གཉེར་སྐྱོང་དོ་དམ་བྱེད་མཁན་ལ་ཟེར་ཞིང་། དེའི་ལས་འགན་གཙོ་བོའི་ནང་གྲོང་ཚོའི་མཉམ་སྡེབ་རྒྱུ་ནོར་གྱི་ད་ལྟའི་གནས་ཚུལ་དང་བེད་སྤྱོད་ཆོག་པའི་རིན་ཐང་ལ་དཔྱད་དཔོག་བྱ་རྒྱུ་སྒྲིག་འཛུགས་བྱེད་པ་དང་། གྲོང་ཚོའི་མཉམ་སྡེབ་རྒྱུ་ནོར་གསར་སྤེལ་བེད་སྤྱོད་ཀྱི་སྙན་ཞུ་སྒྲིག་བཟོ། གྲོང་གསེབ་ཀྱི་ལས་རྣམ་དང་། ཐོན་རྫས། དེ་བཞིན་ཚོང་འགྲུལ་གྱི་ཚོགས་སྤྱི་སོགས་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ་བཅས་ཚུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།