དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བསྟན་པས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-09

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། རེས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་ལ་བཅོས་སྒྲིག་བྱས་ཚུལ་བཀོད་གཏོང་གནང་བ་མ་ཟད། བཅོས་སྒྲིག་སྐུལ་སྤེལ་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    བསྟན་པས་ནན་བཤད་གནང་དོན། གྲོང་ཁྱེར(ས་གནས)ཁག་དང་སྡེ་ཚན་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། བཅོས་སྒྲིག་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། ལེགས་གྲུབ་མ་བྱུང་བའི་བཅོས་སྒྲིག་ལས་འགན་གྱི་གནད་འགག་སྔར་བས་གསེད་དཀྲོལ་དང་དབྱེ་ཞིབ། གནད་སྨིན་བྱ་ཐབས་བཟོ་བ། འགག་སྒྲོལ་བྱ་ཐབས་ལག་བསྟར་བཅས་བྱེད་དགོས། ཕྱོགས་ཁག་གི་འགན་འཁྲི་ནན་དཀྲི་དང་། བཅོས་སྒྲིག་གི་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་རུ་གཏོང་བ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་ལ་བཅོས་སྒྲིག་དང་རིམ་པ་དེ་གས་ལྟ་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱུན་གཏན་གྱི་ལྟ་སྐུལ་སློབ་སྟོན་དང་། ལས་སྒོའི་མཛུབ་ཁྲིད། སྲིད་ཇུས་ཀྱི་རྒྱབ་སྐྱོབ་བཅས་ལ་ཤུགས་སྣོན་རྒྱག་པ། བཅོས་སྒྲིག་གི་ཚད་གཞི་དང་ཐོ་བསུབ་འགག་སྒོ་ནན་པོར་སྲུང་བ། བཅོས་སྒྲིག་གནད་དོན་ལ་ཕྱིར་མིག་ལྟ་བ་བཅས་བྱས་ཏེ་ལྟ་བཤེར་བཅོས་སྒྲིག་གི་འབྲས་བུར་ཞིབ་བཤེར་གྱི་ཉམས་སད་ཐེག་པར་བྱེད་དགོས། ལྟ་བཤེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། བཅོས་སྒྲིག་བྱེད་མགྱོགས་སུ་གཏོང་བ། ལོ་མཇུག་ཏུ“གཙང་བཤེར་ཐུབ་པའི”དམིགས་ཚད་བླང་བྱ་ནན་པོར་སྲུང་བ། ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་དམ་འཛིན། ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་དམ་འཛིན་ཞིབ་ཕྲ། དུས་བཀག་ལྟར་སྤུས་ཚད་མཐོ་པོས་བཅོས་སྒྲིག་ལས་འགན་ལེགས་སྒྲུབ་བཅས་བྱས་ནས་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལ་བསུ་བ་ཞུ་བའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།