2025ལོའི་ཉིང་ཁྲིའི་བེ་ཤའི་ཞིམ་ཟས་རིག་གནས་དུས་ཆེན་འགོ་ཚུགས་པ།
ཉེ་ཆར། “སྐྱེ་ཁམས་ཉིང་ཁྲི། ཞིམ་ཟས་བེ་ཤ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2025ལོའི་ཉིང་ཁྲིའི་བེ་ཤའི་ཞིམ་ཟས་རིག་གནས་དུས་ཆེན་དང་ཁྱད་ལྡན་ཚོང་འདུས་བྲག་ཡིབ་ཆུས་སུ་འཚོགས་ནས་ཉིང་ཁྲིའི་བེ་ཤའི་ཐོན་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་གསུམ་རིང་། ཁྱད་ལྡན་ཚོང་འདུས་ཐོག་སྒོར་ཁྲི་22.8ཀྱི་ཚོང་འགྲིག་པ་དང་། བྱེད་སྒོ་དེ《ཀྲུང་གོའི་ཞིང་གསུམ་ཁྱབ་བསྒྲགས》སོགས་ཀྱི་ལས་སྟེགས་ཐོག་ཐད་གཏོང་བྱས་པ་བརྒྱུད། མི་ཐེངས་ཁྲི་143གྱི་ཡིད་དབང་བཀུག་ནས“ཉིང་ཁྲིའི་བེ་ཤའི”སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་ཕྱིན་པ་མ་ཟད། ས་གནས་དེ་གའི་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱང་མངོན་ནས་གྲོང་གསེབ་དར་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་བསྣན་ཡོད།
འབྲེལ་ཡོད་གསར་འགྱུར།