དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་ཆུའི་མཚན་མོའི་སྤྲོ་འཆམ་གྱིས་གནས་རྟགས་གསར་པར་བཀྲག་མདངས་བསྣན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-09

    2025ལོའི་ཟླ་8ཚེས་5ཉིན་གྱི་མཚན་མོར། ས་མཐོའི་དེང་རབས་ཚན་རྩལ་ཡུལ་སྐོར་གྲུ་གཟིངས་དང་པོ“བརྩེ་བས་ཕྱུག་པའི་ལྷ་ས”རྟགས་ཅན་དུང་སྒྲ་གྲགས་བཞིན་ཐོན་པ་དང་ཆབས་ཅིག སྐྱིད་ཆུའི་ངོགས་ཀྱི་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་དབྱིངས་ཞུགས་རྣམ་པའི་མཚན་མོའི་སྤྲོ་འཆམ་འགོ་ཚུགས་པ་རེད།

    “བརྩེ་བས་ཕྱུག་པའི་ལྷ་ས། ཆུ་བོའི་ཐོག་གི་གླིང་ག”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མཚན་མོའི་སྤྲོ་འཆམ་དེ་ལས་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་མཐོར་འདེགས་རྣམ་གྲངས་ཁག་དང་པོ་ཡིན་པའི་ཆ་ནས། གངས་ལྗོངས་ས་མཐོའི་གནས་མཆོག་ལྷ་སའི་རིག་གནས་ཡུལ་སྐོར་གྱི་གནས་རྟགས་གསར་པའི་བཀྲག་མདངས་ཆེ་རུ་སོང་ཡོད།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་སྐབས་སུ། རྣམ་གྲངས་འདིར་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ནུས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་ཡོད། དེ་ནི་སྲིད་གཞུང་གིས་དམ་འཛིན་དང་། སྲིད་གཞུང་དང་ཁེ་ལས་ཀྱིས་མཉམ་འགུལ། ཁེ་ལས་ཀྱིས་ལག་བསྟར་བཅས་བྱེད་པའི་དཔེ་སྟོན་རྣམ་གྲངས་ཤིག་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།