བོད་ཀྱིས་བཟའ་བཅའི་བདེ་འཇགས་དོན་རྐྱེན་ལ་བརྟག་དཔྱད་དང་ཐག་གཅོད་བྱ་ཐབས་བཏོན་པ།
ཉེ་ཆར། རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་གཞུང་དོན་ཁང་གིས《བོད་རང་སྐྱོང་ལྗོངས་ཀྱི་བཟའ་བཅའི་བདེ་འཇགས་དོན་རྐྱེན་ལ་བརྟག་དཔྱད་དང་ཐག་གཅོད་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཟོས་ནས། རང་ལྗོངས་ཀྱི་བཟའ་བཅའི་བདེ་འཇགས་དོན་རྐྱེན་ལ་བརྟག་དཔྱད་དང་ཐག་གཅོད་བྱེད་པའི་ལས་དོན་དེ་བས་ཚད་ལྡན་དུ་བཏང་སྟེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་གཟུགས་པོའི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་ལ་འགན་ལེན་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 《བྱ་ཐབས》ནང་སྤྱིའི་རྩ་དོན་དང་། ལས་ཀའི་གོ་རིམ། འབྲས་བུ་བཀོལ་སྤྱོད། ཞར་བྱུང་བཅས་ལེའུ་བཞི་དང་དོན་ཚན་20ཡོད་པ་མ་ཟད། བཟའ་བཅའི་བདེ་འཇགས་དོན་རྐྱེན་བརྟག་དཔྱད་དང་། ཐག་གཅོད། ཆ་འཕྲིན་ཁྱབ་བསྒྲགས། འབྲས་བུ་བེད་སྤྱོད་སོགས་ལྷུ་ཚིགས་ཁག་གཏན་འབེབས་ཞིབ་ཕྲ་བྱས་ཡོད།
《བྱ་ཐབས》ནང་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་གཞུང་དོན་ཁང་གིས་སྣེ་ཁྲིད་བྱས་ཏེ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རང་སྐྱོང་ལྗོངས་ཀྱི་བཟའ་བཅའི་བདེ་འཇགས་དོན་རྐྱེན་བརྟག་དཔྱད་དང་ཐག་གཅོད་བྱེད་པའི་ལས་དོན་སྒྲིག་འཛུགས་དང་། མཐུན་སྦྱོར། མཛུབ་ཁྲིད་བཅས་བྱེད་དགོས་ལུགས་བཏོན་ཡོད། 《བྱ་ཐབས》ནང་རང་སྐྱོང་ལྗོངས་ཀྱི་བཟའ་བཅའི་བདེ་འཇགས་དོན་རྐྱེན་བརྟག་དཔྱད་དང་ཐག་གཅོད་བྱེད་པའི་ཐད་ཤེས་རྟོགས་མགྱོགས་མྱུར་དང་། ཚན་རིག་དང་མཐུན་ལ་གཟབ་ནན། དངོས་ཐོག་བདེན་འཚོལ། ཁྲིམས་སྲོལ་དང་སྒྲིག་སྲོལ་ལ་གཞིགས་པ། གོ་རིམ་ཚད་ལྡན། རིམ་དབྱེ་འགན་འཁུར། གཏོགས་ཁོངས་དོ་དམ། མི་རྩ་བར་འཛིན་པ། གནོད་འཚེ་ཉུང་དུ་གཏོང་བ་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་སྒྲིག་འཛུཌ་མཐུན་སྦྱོར་དང་། བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག གདུབ་ཟུམ་དོ་དམ་བཅས་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད།
རང་སྐྱོང་ལྗོངས་བཟའ་བཅའ་སྨན་རྫས་བདེ་འཇགས་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བ་དང་བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་། རིག་ལྡན་ལྟ་འདོམས་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་གྱི་ནུས་པ་ཆེ་རུ་གཏོང་བར་སྐུལ་འདེད་མགྱོགས་སུ་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇཌ”སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།