དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དྲུག་པའི་ཉིང་ཁྲིའི་དུམ་བུའི་འགྲན་བསྡུར་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-09

    འདི་ནི་འགྲན་ཞུགས་བདམས་ཐོན་པས་འགོ་འཛུགས་ས་ཚིགས་ཡིན་པའི་ཀོང་པོ་སྤྱི་གླིང་དུ་འགྲན་བསྡུར་འགོ་འཛུགས་པར་སྒུག་བཞིན་པ།

    ཟླ་8ཚེས7ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ལ་ཐོན་མདའ་གྲགས་པ་དང་བསྟུན་ནས། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་རུ་ཁག་17གྱི་འགྲན་ཞུགས་བདམས་ཐོན་པ་100ལྷག་ཙམ་གཞུ་ལས་བྲལ་བའི་མདའ་མོ་བཞིན་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀོང་པོ་སྤྱི་གླིང་གི་འགོ་འཛུགས་ས་ཚིགས་ནས་ཐོན་ཏེ། 2025ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དྲུག་པའི་འགྲན་བསྡུར་དངོས་སུ་འགོ་ཚུགས་པ་རེད།

    འགྲན་དུམ་དང་པོ་ཡིན་པའི་ཉིང་ཁྲིའི་འགྲན་དུམ་གྱི་ལམ་ཐག་ལ་སྤྱི་ལེ་128.8ཟིན་པ་དེ་སྐབས་གོང་མ་ལས་35%རིང་དུ་ཕྱིན་ནས་སྐབས་རིམ་བྱུང་གི་ཟིན་ཐོ་བཏོད་ཡོད་པ་དང་། འགྲན་དུམ་སྤྱི་ཡོངས་ཀྱི་ས་བབ་དམའ་ཤོས་ཡིན་རུང་བར་ཐག་རིང་ཤོས་ཀྱི་འགྲན་དུམ་ཡིན་པའི་ངོས་ནས་སྐབས་འདིའི་འགྲན་བསྡུར་ལ་སྔར་བཞིན་འགྲན་སློང་རང་བཞིན་ཆེན་པོ་ལྡན་ཡོད་པ་རེད།

    ཆུ་ཚོད་གཉིས་ལྷག་ཙམ་གྱི་འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། འགྲན་དུམ་དང་པོའི་བྱ་དགའ་ཐོབ་མཁན་གཏན་འཁེལ་བ་སྟེ། ལི་ཉིང་སྐར་མའི་ཀྲོའུ་ཅི་རུ་ཁག་གི་བདམས་ཐོན་པ་TSISHKOU Ramanདང་། ཧྲེན་ཀྲེན་ཀུང་ཀྲོའུ་ཅི་རུ་ཁག་གི་བདམས་ཐོན་པ་GOLDSTEIN Omer མ་ལེ་ཞི་ཡ་ཏེང་ཅ་ལོའུ་ཀྲོའུ་ཅི་རུ་ཁག་གི་བདམས་ཐོན་པ་BUDIAK Anatoliiབཅས་ལ་འགྲན་དུམ་འདིའི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་སོ་སོར་ཐོབ་པ་དང་། ཁྲེང་ཏུའུ་DYCཀྲོའུ་ཅི་རུ་ཁག་གི་བདམས་ཐོན་པ་ལི་ཁྲའོ་དབྱི་ལ་ཀྲུང་ཧྭ་ཆེན་པོའི་མི་སྒེར་ཡག་ཤོས(འོག་འཇུག་དམར་པོ)ཀྱི་སྔོན་སྐྱོད་བདམས་ཐོན་པའི་བྱ་དགའ་ཐོབ་པ། ཨེ་ཤེ་ཡའི་མི་སྒེར་ཡག་ཤོས(འོག་འཇུག་དཀར་པོ)ཀྱི་སྔོན་སྐྱོད་བདམས་ཐོན་པ་ནི་ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་རུ་ཁག་གི་བདམས་ཐོན་པ་TSVETKOV Nikitaཡིན་པ་དང་། བདམས་ཐོན་པ་TSISHKOU Ramanལ་ད་དུང་མི་སྒེར་གྱི་མཐའ་མའི་གདོང་མཆོང་གི་སྐར་གསོག་བསྡོམས་འབོར(འོག་འཇུག་ལྗང་ཁུ)གྱི་སྔོན་སྐྱོད་བདམས་ཐོན་པའི་བྱ་དགའ་དང་མི་སྒེར་གྱི་སྤྱིའི་གྲུབ་འབྲས(འོག་འཇུག་སེར་པོ)ཀྱི་སྔོན་སྐྱོད་བདམས་ཐོན་པའི་བྱ་དགའ་ཐོབ་པ་རེད།

    ཚེས་7ཉིན་གྱི་ཕྱི་དྲོར། རྐང་འཁོར་རུ་ཁག་ཁག་ལྷོ་ཁ་གྲོང་ཁྱེར་དུ་བསྐྱོད་ནས་ཚེས་8ཉིན་གྱི་སྤྱི་ལེ་109.2ཀྱི་འགྲན་དུམ་གཉིས་པར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།