དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་སློབ་མ་ཁྲི་2ལྷག་ཙམ་བདེ་འཇགས་ངང་སློབ་གྲྭར་ལོག་པར་གཡས་གཞོགས་གཡོན་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-09

    ཉེ་ཆར། གསར་འགོད་པར་ལྷ་ས་མེ་འཁོར་འབབ་ཚུགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་7ཚེས་31ཉིན། 2025ལོའི་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)སློབ་མ་སློབ་གྲྭར་ལོག་པའི་སྐྱེལ་འདྲེན་ལས་དོན་དངོས་སུ་འགོ་ཚུགས་པ་དང་། ཟླ་10པའི་ཟླ་དཀྱིལ་བར་རྒྱུན་མཐུད་རྒྱུ་རེད། སྔོན་དཔག་བྱས་ན། ཐེམ་ཁུངས་བོད་ནས་ཡིན་པའི་སློབ་མ་ཁྲི་2.3ལྷག་ཙམ་དང་དེ་བཞིན་སྐྱེལ་རོགས་དགེ་རྒན་ཆིག་སྟོང་ལྷག་ཙམ་མེ་འཁོར་ལ་བསྡད་དེ། པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཁྲེང་ཏུའུ་སོགས་སུ་བསྐྱོད་རྒྱུ་ཡིན་པར། སྐྱེལ་འདྲེན་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ་བདུན་པའི་ཟླ་འགོར། ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་མཉམ་དུ“སློབ་གྲྭར་ལོག་པའི་སྐྱེལ་འདྲེན་འགན་ལེན་མནའ་འབྲེལ”བཙུགས་པ་དང་། སྔོན་ཚུད་ནས་ལྷ་ས་དང་ཉིང་ཁྲི་སོགས་ཀྱི་དགོས་མཁོར་བརྟག་ཞིབ་གཏིང་ཟབ་བྱས་ཏེ། དམིགས་སའི་རང་བཞིན་ཡོད་པའི་དམངས་ཕན་ཞབས་ཞུའི་ཇུས་གཞི་བཟོས་ནས་སློབ་མ་སློབ་གྲྭར་ལོག་པར་བདེ་འཇགས་དང་སྟབས་བདེ་ཡོང་བའི་འགན་ལེན་བྱས་ཡོད། མེ་འཁོར་འབབ་ཚུགས་ཀྱིས་སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་དང་འབབ་ཚུགས་མདུན་གྱི་མངགས་གཏོང་ཁང་དང་མཉམ་དུ་ས་ཚིགས་སུ་འཛུལ་བའི་ལམ་ཐིག་འཆར་འགོད་ཞིབ་ཚགས་བྱས་པ་དང་། ཁྲིད་སྟོན་བྱེད་མཁན་མང་དུ་བཏང་བ། “ཆེད་མི་དང་། ཆེད་ཁུང་། ཆེད་ཁུལ”བཅས་ཀྱི་ཁུལ་དབྱེའི་ཞབས་ཞུ་བསྒྲུབས་པ་བརྒྱུད། འཚང་ཁ་ཉུང་དུ་ཕྱིན་ནས་འགྲོ་སྐྱོད་ཀྱི་ལས་ཆོད་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག བདེ་འཇགས་ཞིབ་བཤེར་ཁུལ་ནས་མེ་འཁོར་དུ་སྡོད་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོའི་ཐོགས་མེད་བགྲོད་ལམ་ཤར་གཏོང་དང་སྒུག་ཡུན་ཐུང་དུ་བཏང་ནས་སློབ་མ་བག་ཕེབས་དང་བདེ་འཇགས་ངང་སློབ་གྲྭར་ལོག་པར་རོགས་རམ་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།