དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བརྡ་ཐོ་བཏང་ནས།

    སྨན་བཅོས་སྒྲིག་གཞིས་སྒོ་བསྟེན་སྨན་ཁང་གི་མིང་འདོགས་སྐབས་སྔར་མེད་གསར་གཏོད་བྱེད་མི་ཆོག་པའི་བླང་བྱ་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-08

    སྨན་བཅོས་སྒྲིག་གཞིས་གཙོ་འགན་གཙོ་ལས་ལ་དམ་པོར་དམིགས་ཏེ། སྨན་བཅོས་སྒྲིག་གཞིའི་སྒོ་བསྟེན་སྨན་ཁང་གི་མིང་འདོགས་པར་དོ་དམ་བྱེད་སྟངས་ཚད་ལྡན་དུ་བཏང་ནས། ནད་པས་སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་པར་ཁྲིད་སྟོན་བྱེད་ཆེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《སྨན་བཅོས་སྒྲིག་གཞིའི་སྒོ་བསྟེན་སྨན་ཁང་གི་མིང་འདོགས་པར་དོ་དམ་བྱེད་སྟངས་ཚད་ལྡན་དུ་གཏོང་རྒྱུའི་ལས་དོན་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་རེད།

    《བརྡ་ཐོ》ཡི་ནང་སྨན་བཅོས་སྒྲིག་གཞིས་ཁྲིམས་བསྟུན་སྒྲིག་སྲོལ་དང་མཐུན་པ་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། ཁ་གསལ་ཞིང་གནད་ལ་འཁེལ་བ་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ནས་སྒོ་བསྟེན་སྨན་ཁང་གི་མིང་འདོགས་དགོས་ཤིང་། རྩ་དོན་ཐོག་སྨན་བཅོས་ཚན་ཁག་དང་མིང་གཉིས་ཕན་ཚུན་མཐུན་པར་བྱེད་དགོས་པ་དང་། ཁྱད་ལྡན་སྒོ་བསྟེན་སྨན་ཁང་གི་མིང་དེ་ལས་ཆེད་ལས་ཚན་ཁག་གི་ཁྱད་ཆོས་དང་སྨན་བཅོས་ཁྱབ་ཁོངས་བདེན་པ་དང་། ཡང་དག སྟབས་བདེ། ཁ་གསལ་བཅས་ཀྱི་སྒོ་ནས་མཚོན་པར་བྱེད་དགོས།

    རིག་ཚན་མང་བའི་མཉམ་འབྲེལ་སྒོ་བསྟེན་སྨན་ཁང་གི་མིང་གི་རྗེས་ལ“མཉམ་འབྲེལ་སྒོ་བསྟེན་སྨན་ཁང”ངམ་ཡང་ན“MDTསྒོ་བསྟེན་སྨན་ཁང”ཞེས་ཁ་གསལ་འགོད་དགོས་པའི་བླང་བྱ་བཏོན་ཡོད། 《བརྡ་ཐོ》ཡི་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་རྒྱབ་འགལ་སོང་བ་དང་། སྤྱི་པའི་ལས་རིམ་དང་གོམས་སྲོལ་བཟང་པོ་དང་འགལ་བ། སྔར་མེད་གསར་གཏོད་བྱེད་པ། སྤྱི་ཚོགས་ལ་སེམས་ཁྲལ་དང་རྩོད་གླེང་འབྱུང་སླ་བ་བཅས་ཀྱི་མིང་འདོགས་མི་རུང་། སྨན་བཅོས་སྒྲིག་གཞིས་སྒྲིག་གཞི་དེ་གའི་སྒོ་བསྟེན་སྨན་ཁང་འཛུགས་ཚུལ་དང་མིང་འདོགས་ཚུལ་ཕྱོགས་ཡོངས་ནས་གསེད་དཀྲོལ་བྱས་ཏེ། སྒོ་བསྟེན་སྨན་ཁང་གི་ཞབས་ཞུ་དང་མིང་བཏགས་པ་གཉིས་མི་མཐུན་པའི་གནད་དོན་རིགས་འཕྲལ་མར་ཡོ་བསྲང་བྱེད་དགོས་པ་དང་། སྒོ་བསྟེན་སྨན་ཁང་གི་སྒོ་བྱང་དང་ལམ་སྟོན་མཚོན་རྟགས་ལེགས་སྒྲིག་བྱེད་པ་དང་སྒོ་བསྟེན་སྨན་ཁང་གི་དོ་དམ་བྱ་རིམ་ལེགས་སུ་གཏོང་བ་དང་འབྲེལ། ནད་པར་སྨན་བཅོས་ཁྲིད་སྟོན་ཞབས་འདེགས་ཞུས་ནས་ནད་པར་སྨན་བཅོས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པ། གཞུང་ཕྱོགས་དྲ་ཚིགས་དང་སྤྱི་སྟེགས་ཨང་རྟགས་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་སྒོ་བསྟེན་སྨན་ཁང་གི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས། ནད་པས་སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་པར་སྟབས་བདེ་སྐྲུན་དགོས་པ་བཅས་ཀྱི་གཏན་འཁེལ་ཁ་གསལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།