ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་སྒྲིག་སྲོལ་གསར་པར་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ།
བཟའ་བཅའ་བྲིན་ཚོང་གི་མུ་འབྲེལ་ཁེ་ལས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ།
ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《བཟའ་བཅའ་བྲིན་ཚོང་གི་མུ་འབྲེལ་ཁེ་ལས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པའི་ལྟ་སྐུལ་དོ་དམ་སྐོར་གྱི་གཏན་འབེབས(བསམ་འཆར་བསྡུ་ལེན་མ་ཟིན)》ཀྱི་འཆར་ཟིན་འགོད་རྒྱུ་སྒྲིག་འཛུགས་བྱས་ནས། ཟླ་8ཚེས་5ཉིན་ནས་ཟླ་9ཚེས་4ཉིན་བར་སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་རེད།
བསམ་འཆར་བསྡུ་ལེན་མ་ཟིན་ལ་ཁྱོན་དོན་ཚན་34ཡོད་པ་དང་། རིམ་ཁག་དོ་དམ་ལས་དོན་དབང་ཆ་དང་། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ། དེ་བཞིན་བཅའ་ཁྲིམས་ཀྱི་འགན་འཁྲི་བཅས་གཙོ་གནད་ཐོག་ཁ་གསལ་བཏོན་ཡོད།
བཟའ་བཅའ་བྲིན་ཚོང་གི་མུ་འབྲེལ་ཁེ་ལས་ལ་རིམ་དབྱེ་རིགས་དབྱེའི་དོ་དམ་བྱེད་དགོས་པ་དང་། བཟའ་བཅའ་བྲིན་ཚོང་གི་མུ་འབྲེལ་ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་དང་། ཉིང་ལག་སྒྲིག་གཞི། ཚོང་ཁང་བཅས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ལྟ་འདོམས་ལས་དོན་དེ་ཞིང་ཆེན་རིམ་པ་དང་། གྲོང་ཁྱེར་རིམ་པ། རྫོང་རིམ་པ་བཅས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་སོ་སོར་འགན་འཁུར་དགོས།
བཟའ་བཅའ་བྲིན་ཚོང་གི་མུ་འབྲེལ་ཁེ་ལས་ཀྱི་སྤྱི་ཁྱབ་པུའི“ཉིན་རེའི་དོ་དམ་ཚོད་འཛིན་དང་། གཟའ་འཁོར་རེའི་གྲལ་བཤེར། ཟླ་རེའི་བཀོད་གཏོང”བཅས་ཀྱི་ལམ་ལུགས་དོན་འཁྱོལ་བྱེད་པའི་བླང་བྱ་ཞིབ་ཚགས་སུ་བཏང་ནས། སྤྱི་ཁྱབ་པུའུ་ཡིས་ལས་གཉེར་བ་དང་། ཉོ་སྒྲུབ། སྡེབ་སྐྱེལ་སོགས་ལྷུ་ཚིགས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
བཟའ་བཅའ་བྲིན་ཚོང་གི་མུ་འབྲེལ་ཁེ་ལས་ལ་སྤྱི་ཁྱབ་པུའུ་དང་། ཉིང་ལག་སྒྲིག་གཞི། མཛོད་ཉར་དང་སྡེབ་སྐྱེལ་ལྟེ་གནས། ཚོང་ཁང་སོགས་འཁོར་འབྲེལ་ཧྲིལ་པོར་ཁྱབ་པའི་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁར་དོ་དམ་ཚོད་འཛིན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།