ཧིན་རྡུ་ཉི་ཞི་ཡའི་རྒྱལ་སྤྱིའི་རླངས་འཁོར་འགྲེམས་ཚོགས་གཉེར་བ།
འདི་ནི་ས་གནས་དེ་གའི་ལྟད་མོ་བས་ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱི་འགྲེམས་སྟེགས་སུ་ལྟ་སྐོར་བྱེད་པ།
ཟླ་7ཚེས་24ཉིན་ནས་ཟླ་8ཚེས་3ཉིན་བར། 2025ལོའི་ཧིན་རྡུ་ཉི་ཞི་ཡའི་རྒྱལ་སྤྱིའི་རླངས་འཁོར་འགྲེམས་ཚོགས་ཧིན་རྡུ་ཉི་ཞི་ཡའི་ཝན་ཏན་ཞིང་ཆེན་ཐང་ཀེ་ལང་གྲོང་ཁྱེར་གྱི་ཧིན་རྡུ་ཉི་ཞི་ཡའི་རྒྱལ་སྤྱིའི་རླངས་འཁོར་འགྲེམས་ཚོགས་ལྟེ་གནས་སུ་གཉེར་བ་རེད། སྐབས་འདིའི་རླངས་འཁོར་འགྲེམས་ཚོགས་ནི་ཧིན་རྡུ་ཉི་ཞི་ཡའི་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། དེ་ནི་ཧིན་རྡུ་ཉི་ཞི་ཡའི་གཞི་ཁྱོན་ཆེ་ཤོས་དང་ནང་དོན་ཆ་ཚང་ཤོས་ཀྱི་རླངས་འཁོར་འགྲེམས་ཚོགས་ཀྱི་གྲས་ཤིག་ཡིན་ཞིང་། རླངས་འཁོར་གྱི་སྤུས་རྟགས་50དང་འབྲེལ་ཡོད་ལས་རིགས་ཀྱི་ཚོང་པ་120ལྷག་ཙམ་འགྲེམས་ཚོགས་ལ་ཞུགས་ཡོད། པི་ཡ་ཏི་དང་། ཝུའུ་ལིང་། ཆི་རུའེ་སོགས་ཀྲུང་གོའི་རླངས་འཁོར་ཁེ་ལས་10ལྷག་ཙམ་གྱིས་གློག་རྐྱང་པ་དང་གློག་སྣུམ་མཉམ་འདྲེས་ཀྱི་བཟོ་ལྟ་མི་འདྲ་བའི་རླངས་འཁོར་གཅིག་སྡུད་འགྲེམས་སྟོན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།