ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭ་ཐེངས་གཉིས་པ་ཁུན་མིང་དུ་སློབ་མཇུག་འགྲིལ་བ།
ཟླ་8ཚེས་5ཉིན། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭ་ཐེངས་གཉིས་པ་ཡུན་ནན་ཁུན་མིང་དུ་སློབ་མཇུག་འགྲིལ་བ་རེད།
ཐེངས་འདིའི་བགྲོ་གླེང་འཛིན་གྲྭས“ཁྲིམས་འཛུགས་སྒྲིག་གཞིའི་དབར་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་ཤིང་། ཁམ་ཕུ་ཀྲེ་དང་། ལོ་སི། མ་ལེ་ཞི་ཡ། ཐེ་ལན། ཝེ་ཐེ་ནམ་བཅས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་5ཡི་གྲོས་ཚོགས(རྒྱལ་ཚོགས)ཀྱི་གྲོས་མི་དང་མཐོ་རིམ་དཔོན་རིགས་23ཞུགས་ཡོད། བགྲོ་གླེང་འཛིན་གྲྭའི་ཁོངས་མིས་སྔ་རྗེས་སུ་ཀྲུང་གོའི་པེ་ཅིང་དང་། ནན་ཅིང་། ཁུན་མིང་བཅས་ས་ཆ་གསུམ་དུ་འཚམས་འདྲི་བྱས་ཏེ། གྲོང་གསེབ་དར་རྒྱས་དང་། མཉམ་སྦྲེལ་མཉམ་མཐུད། མཐོ་གསར་ཚན་རྩལ། གྲངས་འཛིན་དཔལ་འབྱོར། རིག་གནས་ཡུལ་སྐོར། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་སོགས་ཀྱི་རྣམ་གྲངས་ལ་རྟོག་ཞིབ་བྱས་ནས། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པར་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཤིང་། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བཅས་ཀྱི་ཉམས་མྱོང་དང་བྱ་ཐབས་སྐོར་གྱི་བརྗོད་དོན་གཙོ་བོའི་བགྲོ་གླེང་ཚོགས་འདུར་ཞུགས་པ་དང་འབྲེལ། ཀྲུང་གོའི་འབྲེལ་ཡོད་སྲིད་གཞུང་སྡེ་ཚན་གྱི་འགན་འཁུར་བ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།