2025ལོའི་ཀྲུང་གོའི་སྐྱེ་ལྡན་ལུད་ཐོན་ལས་འཕེལ་རྒྱས་ཀྱི་ཚོགས་ཆེན་སྐབས་ལྔ་པ་ཀན་ལྷོར་འཚོགས་པ།
ཉེ་ཆར། 2025ལོའི་ཀྲུང་གོའི་སྐྱེ་ལྡན་ལུད་ཐོན་ལས་འཕེལ་རྒྱས་ཀྱི་ཚོགས་ཆེན་སྐབས་ལྔ་པ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བསང་ཆུ་རྫོང་དུ་འཚོགས་པ་རེད། ཚོགས་ཆེན་ནི་ཀྲུང་གོའི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་འཁོར་རྒྱུག་མཐུན་ཚོགས་དང་། ཀྲུང་གུང་ཀན་ལྷོ་ཀྲོའུ་ཨུ་ལྷན། ཀན་ལྷོ་ཀྲོའུ་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། དེའི་དམིགས་ཡུལ་ནི“སྲིད་ཐོན་སློབ་ཞིབ་སྤྱོད”བཅས་ཀྱི་མཐུན་སྦྱོར་ལས་སྟེགས་བཙུགས་ཏེ་ཕྱོགས་ཁག་གིས་ལག་གདང་སྦྲེལ་ནས་འཁོར་རྒྱུག་ཞིང་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་གཏོད་པར་སྐུལ་འདེད་གཏོང་རྒྱུ་དེ་རེད།
ཀྲུང་གོའི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་འཁོར་རྒྱུག་མཐུན་ཚོགས་ཀྱི་ཚོགས་གཙོ་ལུང་ཝུན་གྱིས། སྐྱེ་ལྡན་ལུད་ཐོན་ལས་ཀྱིས་ལྗང་མདོག་ཞིང་ལས་དང་། དྭངས་གཙང་ཐོན་སྐྱེད། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་སོགས་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་བཏོན་ཡོད་པས། ལས་རིགས་ཡོངས་ཀྱིས“རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག”ཅེས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་གསར་གཏོད་ཀྱིས་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ། ལྗང་མདོག་ཞིང་ལས་རྒྱུ་ཆའི་ཐོན་རྫས་གསར་གཏོད་དང་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་དང་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་རིན་ཐང་གཞན་སྒྱུར་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་སྐྱེས་སུ་འབུལ་དགོས་ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།